​གསལ་བསྒྲགས།


གསལ་བསྒྲགས།


   ཉེ་བའི་ལོ་འདི་འགའི་རིང་དགེ་རྒན་བཀའ་དྲིན་ཅན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གི་གསུང་མང་བོ་ཞིག་ལ་ཁོང་གིས་དངོས་སུ་དགོངས་གནང་མ་ཐོབ་པར།  རང་གི་ཁེ་ཕན་ཙམ་ལས་གང་ལའང་བསམ་བློ་མི་གཏོང་བའི་སྤྱི་ཚོགས་ཀྱི་ཚོང་བ་ཧམ་སེམས་ཅན་འགའ་རེས།   ལྐོག་ནས་མགོ་རྔ་མི་ཚང་ཞིང་།  ཡིག་ནོར་མང་བ། ནང་དོན་འཁྲུགས་ཤིང་ཆད་ལྷག་ཤོར་བ།  ཐ་ན་ཁོང་གི་གསུང་ཡིན་མིན་ཅི་རིགས་ལ་ཁ་བྱང་སྣ་ཚོགས་སུ་བཏགས་ནས། ཁོང་གི་གསུང་དེབ་ཏུ་བསྙད་དེ་ཕྱོགས་གང་སར་འགྲེམ་འཚོང་བྱེད་པའི་གནས་ཚུལ་རབས་དང་རིམ་པ་མང་བོ་བྱུང་ཞིང་།      འདིར་དེ་དག་ལ་དམིགས་ནས་ཆེད་དུ་གསལ་བསྒྲགས་ཞུ་རྒྱུ་ཞིག་ལ།   

   དགེ་རྒན་འཇིགས་མེད་རྒྱལ་མཚན་ཁོང་གིས་དངོས་སུ་དགོངས་པ་གནང་མ་མྱོང་ཞིང་།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་ཐོན་མིའི་སློབ་ཚོགས་དང་འབྲེལ་བ་མེད་པའི་ཁོང་གི་གསུང་དེབ་ཏུ་བསྙད་པ་དེ་དག་ལ།  དོན་དག་ཅི་བྱུང་ཡང་པར་དུ་འདེབས་པ་བོ་རང་རང་གིས་འགན་འཁུར་དགོས་པ་ལས། དགེ་རྒན་འཇིགས་མེད་རྒྱལ་མཚན་དང་སློབ་གྲྭ་ལ་འབྲེལ་བ་སྤུ་ཙམ་ཡང་མེད་ཅིང་།    སླད་མར་ཁྲམ་ལས་དེ་འདྲ་མི་འབྱུང་བར་རེ་ཞུ་དྲག་པོ་བརྒྱབ་པ་ཡིན་ལ།  ད་དུང་མུ་མཐུད་དུ་གནས་ཚུལ་དེ་འདྲའི་རིགས་བྱུང་ཚེ། ངེད་འབྲེལ་ཡོད་སློབ་གྲྭའི་ངོས་ནས་གུ་ཡངས་མེད་པར་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་ངེས་ཡིན་པས།   ཆེད་དུ་གསལ་བསྒྲགས་འདི་སྤེལ་བ་ཡིན།


༢༠༢༢ལོའི་སྤྱི་ཟླ་༢ཚེས་༢༨ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱིས་སྤེལ། 

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-02-28 ལྟ་ཀློག (9153)