མགོ་ལོག་གངས་ལྗོངས་ཚོང་རའི་གསར་འགྱུར།

མགོ་ལོག་གངས་ལྗོངས་ཚོང་རར་གཞི་རིམ་འགོ་ཁྲིད་གདན་ཞུའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

     མགོ་ལོག་གངས་ལྗོངས་ཚོང་ར་སྤྱིའི་ཁ་ཕྱོགས་ལ་བསྒྱུར་བཅོས་དང་མིག་སྔར་གྱི་གནད་དོན་ཆེ་ཁག་དག་གང་མྱུར་གྱིས་སེལ་ཐབས་བྱ་རྒྱུ་དང་། ཇི་ལྟར་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ་མ་འོངས་པར་གངས་ལྗོངས་ཚོང་ར་སྔར་ལས་དར་ཞིང་རྒྱས་པ་དང་ཐུན་མོང་གི་དགོས་མཁོ་སྐོང་ཐུབ་པའི་ཚོང་སྡེ་བརྟན་པོ་ཞིག་ཆགས་ཐུབ་པའི་སྐོར་ལ་རྨ་ཉིན་སྲིབ་ཀྱི་གཞི་རིམ་ཏང་གཙོ 21 གདན་དྲངས་ནས་བཞུགས་མོལ་ཚོགས་འདུ་སྐབས་དང་པོ་མགོ་ལོག་གངས་ལྗོངས་ཚོང་རར་འཚོགས།

        ཚོགས་འདུ་སྤྱི་ཚེས 2021.12.18 ཉིན་གྱི་ཞོགས་པའི་ཆུ་ཚོད 900 ནས་ཕྱོ་དྲོའི་ཆུ་ཚོད 230 བར་དུ་འཚོགས་ཤིང་། ཚོགས་ཐོག་ཏུ་མགོ་ལོག་གངས་ལྗོངས་ཚོང་ར་སྤྱིའི་ལས་འཛིན་དཔོན་བསྟན་འཛིན་འགྲོ་དོན་གྱིས་ཏང་གི་གལ་ཆེའི་རང་བཞིན་དང་མི་རིགས་མཐུན་སྒྲིལ་གྱི་སྐོར་ནས་གསུང་བཤད་གནངས་པ་དང་། མགོ་ལོག་གངས་ལྗོངས་ཚོང་ར་སྤྱིའི་ལས་འཛིན་དཔོན་རྒན་པ་བློ་གཅེས་ནས་གངས་ལྗོངས་ཚོང་རའི་ད་ལྟའི་བར་གྱི་གནས་བབས་དང་བརྒྱུད་རིམ་ཆ་ཚང་ངོ་སྤྲོད་གནངས། གངས་ལྗོངས་ཚོང་ར་སྤྱིའི་བློ་འདོན་པ་འབྱོར་ལྡན་གྱིས་གངས་ལྗོངས་ཚོང་ར་སྤྱིའི་ཁ་ཕྱོགས་དང་ད་ལྟའི་དཀའ་ངལ་གྱི་ཕྱོགས་ནས་སྙན་ཞུ་བྱས། གངས་ལྗོངས་ཚོང་རའི་ལྟ་ཞིབ་པ་རྒན་པ་བཟང་ཐོ་ནས་ལྟ་ཞིབ་པའི་འགན་འཁྲི་གཙོར་བཟུང་ནས་ཚོང་རའི་བདེ་སྡུག་གི་ཐད་ནས་འབྲེལ་ཡོད་འགོ་ཁྲིད་རྣམ་པར་རེ་བ་ཞུས། གཞན་ཡང་གངས་ལྗོངས་ཚོང་རའི་འབྲེལ་ཡོད་མི་སྣ་རེ་རེ་ནས་གངས་ལྗོངས་ཚོང་རའི་ད་ལྟའི་བར་གྱི་སྐྱིད་སྡུག་དང་མ་འོངས་པའི་རེ་བའི་ཕྱོགས་ནས་གསུང་བཤད་གང་མང་གནངས།

         དེ་རྗེས་རྨ་ཉིན་སྲིབ་ཀྱི་ཏང་གཙོ་རྣམ་པ་རེ་རེ་ནས་གངས་ལྗོངས་ཚོང་ར་ནི་ང་ཚོ་རྨ་ཉིན་སྲིབ་ཀྱི་མ་བདག་རྣམ་པའི་རེ་བ་ཡིན་ཚུལ་དང་སྐྱིད་སྡུག་གང་ལ་ཐུག་ཀྱང་མ་བདག་ནི་གངས་ལྗོངས་ཚོང་རའི་རྒྱབ་རྟེན་ཡིན་པ། མ་བདག་རེ་རེ་ནི་འགོ་ཁྲིད་རྣམ་གྱི་འབངས་མི་ཡིན་པས་ཁོང་ཚོའི་དཀའ་ངལ་སེལ་བར་འགོ་ཁྲིད་རྣམ་པར་འགན་ཡོད་ཚུལ། མདོར་ན་གངས་ལྗོངས་ཚོང་རའི་སྐྱིད་སྡུག་ལ་མཐའ་འདུག་ཚང་མས་རྒྱབ་སྐྱོར་བྱེད་དགོས་ཚུལ་སོགས་ཀྱི་སྐོར་ནས་གསུང་བཤད་རྒྱ་ཆེན་གནངས། མཇུག་མཐར་མགོ་ལོག་གངས་ལྗོངས་ཚོང་ར་སྤྱིའི་ལས་འཛིན་དཔོན་གཞོན་པ་རྭ་ཚང་ཚེ་རིང་དབང་རྒྱལ་གྱིས་ཚོགས་འདུའི་མཇུག་བསྡུས་ཤིང་ཚོགས་འདུ་གཟི་བརྗིད་ངང་གྲོལ།

ཚོགས་འདུའི་རྣམ་པ་དང་པོ།

ཚོགས་འདུའི་རྣམ་པ་གཉིས་པ།

གངས་ལྗོངས་ཚོང་རའི་ལས་འཛིན་དཔོན་བསྟན་འཛིན་འགྲོ་དོན་གྱིས་གསུང་བཤད་གནང་བཞིན་པ།

གངས་ལྗོངས་ཚོང་རའི་ལས་འཛིན་དཔོན་རྒན་པ་བློ་གཅེས་ཀྱིས་གསུང་བཤད་གནང་བཞིན་པ།

གངས་ལྗོངས་ཚོང་རའི་ལྟ་ཞིབ་པ་རྒན་པ་བཟང་ཐོས་གསུང་བཤད་གནང་བཞིན་པ།

གངས་ལྗོངས་ཚོང་ར་སྤྱིའི་བློ་འདོན་པ་བསྟན་འཛིན་འབྱོར་ལྡན་གྱིས་གསུང་བཤད་གནང་བཞིན་པ།

གངས་ལྗོངས་ཚོང་རའི་ལྟ་ཞིབ་ཚོགས་གཙོ་བང་ཀེ་ནས་གསུང་བཤད་གནང་བཞིན་པ།

གངས་ལྗོངས་ཚོང་རའི་ལྟ་ཞིབ་པ་ནགས་སྐོར་འཕགས་པ་སྐྱབས་ནས་གསུང་བཤད་གནང་བཞིན་པ།

གངས་ལྗོངས་ཚོང་རའི་ལྟ་ཞིབ་པ་གཡོན་གཞིས་སྟོབས་རྒྱལ་གྱིས་གསུང་བཤད་གནང་བཞིན་པ།

གངས་ལྗོངས་ཚོང་རའི་ལས་འཛིན་པ་བཀྲ་ཤིས་ཚེ་རིང་གིས་གསུང་བཤད་གནང་བཞིན་པ།

ཞོལ་མ་སྟག་གསོད་སྡེ་བའི་ཏང་གཙོ་རྡོ་རྗེ་ནས་གསུང་བཤད་གནང་བཞིན་པ།

ཞོལ་མ་དར་བ་སྡེ་བའི་ཏང་གཙོ་ལྷ་དཔལ་ཚེ་རིང་གིས་གསུང་བཤད་གནང་བཞིན་པ།

རྨ་བྱང་ཡུལ་ཚོའི་ཚོ་དཔོན་དང་རྨ་བྱང་བྲག་ཞོལ་སྡེ་བའི་ཏང་གཙོ་བཀྲ་ཤིས་སྨོན་ལམ་གྱིས་གསུང་བཤད་གནང་བཞིན་པ།

རྨ་བྱང་གསེར་འོད་སྡེ་བའི་ཏང་གཙོ་ཚེ་རིང་ཏིང་བསམ་གྱིས་གསུང་བཤད་གནང་བཞིན་པ།

རྭ་རྒྱ་སེར་ཐོ་འབྲོག་ཨུ་ཁང་གི་ཏང་གཙོ་གནམ་ཁོ་ནས་གསུང་བཤད་གནང་བཞིན་པ།

རྭ་རྒྱ་ཆུ་བ་རྒྱ་བཟའ་འབྲོག་ཨུ་ཁང་གི་འགོ་ཁྲིད་རྒན་པ་བཀྲ་ཤིས་ནས་གསུང་བཤད་གནང་བཞིན་པ།

རྭ་རྒྱ་ལྷ་སྡེ་འབྲོག་ཨུ་ཁང་གི་ཏང་གཙོ་རྟ་མགྲིན་གྱིས་གསུང་བཤད་གནང་བཞིན་པ།

གངས་ལྗོངས་ཚོང་རའི་ལས་འཛིན་དཔོན་གཞོན་པ་རྭ་ཚང་ཚེ་རིང་དབང་རྒྱལ་གྱིས་ཚོགས་འདུའི་མཇུག་བསྡུས་པ།

ཚོགས་ཞུགས་མི་སྣ་ཡོངས་ཀྱི་མཉམ་པར་དང་པོ།

ཚོགས་ཞུགས་མི་སྣ་ཡོངས་ཀྱི་མཉམ་པར་གཉིས་པ།

གངས་ལྗོངས་ཚོང་རའི་ཚོང་ཁང་སོ་སོར་གཟིགས་ཞིབ་ཏུ་ཕེབས་པ།

གསར་འགྱུར་མཁོ་སྤྲོད་པ། ཚེ་རིང་དབང་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-12-22 ལྟ་ཀློག (21820)