​སློབ་གླིང་གསར་འགྱུར། བཛྲ་ཚུལ་ཁྲིམས་མཆོག་གིས་འཆད་ཁྲིད་གནང་།

སློབ་གླིང་གསར་འགྱུར།  བཛྲ་ཚུལ་ཁྲིམས་མཆོག་གིས་འཆད་ཁྲིད་གནང་།  

  དེ་རིང་དགོང་ཚོགས་སྐབས་ངེད་སློབ་གླིང་གི་སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་སློབ་སྟོན་ཁང་གི་རེ་སྐུལ་ལྟར་ཚིག་འབྲུ་ཉེར་བཞི་དང་འབྲེལ་ཏེ་མི་ཚེའི་རིན་ཐང་ཇི་ལྟར་འཛིན་དགོས་ཚུལ་གླེང་བ་ཞེས་པའི་འཆད་ཁྲིད་ཅིག་གླིང་སྟོད་ཀྱི་དཔེ་མཛོད་ཁང་དུ་གནང་། འཆད་ཁྲིད་ལ་སློབ་གླིང་རང་གི་དགེ་སློབ་སྟོང་ལ་ཉེ་བ་རྣམས་མཉམ་དུ་ཞུགས། 


   ཁོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་ལྟ་བ་རྣམས་རེ་རེ་བཞིན་ཀྲུང་གོའི་གནའ་བོའི་བསྟན་བཅོས་ལ་ཁུངས་གཏུགས་ཤིང་། མཚན་གཞི་དང་གཏམ་རྒྱུད་ཡིད་ལ་འཛིན་བདེ་བའི་སྒོ་ནས་གསལ་བོར་བཀྲལ་ཏེ། སློབ་གླིང་རང་གི་དགེ་རྒན་དང་སློབ་མ་སུ་ཡིན་ཡང་སྲོལ་རྒྱུན་གྱི་རིན་ཐང་གི་ལྟ་བའི་རྨང་གཞི་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་ཏེ། སྤྱི་ཚོགས་འཆམ་མཐུན་དང་མི་རིགས་འཕེལ་རྒྱས། རྒྱལ་ཁབ་དར་རྒྱས་བཅས་ལ་ཞབས་འདེགས་ཅི་ནུས་བསྒྲུབ་དགོས་ཚུལ་རྒྱས་པར་གསུངས། 

    གལ་ཏེ་རྒྱལ་ཁབ་ཀྱི་རིན་ཐང་གི་ལྟ་བའི་ཁ་ཕྱོགས་འདི་ཤེས་ན་རང་ཉིད་ཀྱིས་ཕྱོགས་གང་ལ་འབད་འོས་པ་ཤེས་ཐུབ་ལ། སྲོག་ཤིང་གི་ལྟ་བ་འདི་དག་གང་ཡིན་ཡང་སྲོལ་རྒྱུན་གྱི་བསམ་བློའི་འདུ་ཤེས་དང་རིན་ཐང་གི་ལྟ་བ་འབའ་ཞིག་ཡིན་པའི་ངང་ཚུལ་འདི་ཤེས་ན། རང་གི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གྱི་གལ་ཆེ་བའི་དོན་སྙིང་ཡང་ཤེས་ཐུབ་པར་མ་ཟད། ལྷག་པར་དུ་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བའི་གནས་ལུགས་ཤེས་ན་ཁྲིམས་མཐུན་སྤྱི་དམངས་ཤིག་ལ་འབད་དགོས་པ་དང་། སྤྱི་ཚོགས་སྟེང་ནས་ཁེ་དབང་གང་ཞིག་ལོངས་སུ་སྤྱོད་ནའང་དབང་ཆ་མི་གཙོ་བོ་བར་ཁྲིམས་གཙོ་བ། དཔོན་པོ་དང་མི་སེར་སུ་ཡིན་ཡང་དབང་ཆ་ཆེ་ཆུང་ལ་ཁྱད་མེད་པར་ཚང་མས་ཁྲིམས་མཐུན་གྱི་ཁེ་དབང་ལོངས་སུ་སྤྱོད་པ་འདྲ་མཉམ་ཡིན་ཚུལ་སོགས་ཡིག་འབྲུ་ཉེར་བཞིས་བསྟན་པའི་དགོངས་དོན་གསལ་བཤད་གནང་བས། དགེ་སློབ་ཚང་མ་ལ་ཡང་དག་པའི་རིན་ཐང་གི་ལྟ་བ་ལ་ངོས་ཟིན་གསར་བ་ཐོབ་པར་གྱུར་ཏོ། ། 

གསར་འགོད་པ།  གྱི་ལིང་འཇིགས་མེད། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2021-12-20 ལྟ་ཀློག (4704)