སོག་རུ་མ་བོད་ཡིག་བཅའ་སྡོད་སློབ་ཆུང་གི་རི་མོ་འགྲེམ་སྟོན།

སོག་རུ་མ་བོད་ཡིག་བཅའ་སྡོད་དཀྱིལ་སྙིང་སློབ་ཆུང་གི་སྐབས་བཞི་བའི་རི་མོ་འགྲེམ་སྟོན།

  སློབ་མའི་དགའ་ཕྱོགས་སྐྱེད་སྲིང་བྱེད་པ་ནི་མི་ཚེའི་འཇོན་ཐང་གསོ་སྐྱོང་གི་ཐབས་ལམ་ཉག་གཅིག་ཡིན། ཐེངས་འདིར་རང་རེའི་སློབ་གྲྭའི་རི་མོའི་ཆེད་ལས་པ་དགེ་རྒན་རྟ་མགྲིན་སྐྱབས་ཀྱི་བཀའ་དྲིན་འོག རྒྱལ་ཡོངས་སྐབས་དྲུག་པའི་ཀྲུང་གོ་རེ་བའི་རྟགས་མའི་ཕུལ་བྱུང་བརྩམས་ཆོས་བྱ་དགའི་མཛད་སྒོ་དང་ཐེངས་བཞི་བའི་རི་མོའི་བརྩམས་ཆོས་འགྲེམ་སྟོན་བྱས། ཡུལ་ངོས་སུ་རི་མོ་ཞིབ་འབྲིའི་བྱ་འགུལ་སྤེལ་བར་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བ་མ་ཟད།  བྱ་འགུལ་ཁྲོད་རི་མོ་ཆུང་ཆུང་ཨོ་རྒྱན་མགོན་ལ་བྱ་དགའ་ཨང་དང་བོ་ཐོབ་པ་དང་།  རྣམ་རྒྱལ་སྒྲོན་དང་འཕེལ་རྒྱས་གཉིས་ལ་བྱ་དགའ་ཨང་གཉིས་པ།  གསེར་སྒྲོན། སྒྲ་དབྱངས། རྡོ་རྗེ་སྒྲོལ་མ་བཅས་ལ་བྱ་དགའ་ཨང་གསུམ་པ་བཅས་ཐོབ་པར་རྟེན་འབྲེལ་ཞུས་ཏེ།    བྱིས་པ་ཆུང་དུས་ནས་རི་མོའི་སྒྱུ་རྩལ་ལ་བག་ཆགས་འཇོག་པ་སོགས་ཕྱིས་འབྱུང་གི་སློབ་གསོའི་མན་ངག་བསྩལ། བྱ་འགུལ་འདི་སྤེལ་བས་མ་འོངས་པར་འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་གཞན་ལས་ལྷག་པའི་མི་སྣ་རླབས་ཆེན་ཞིག་ཏུ་འགྱུར་པའི་ས་བོན་ཐོག་མ་བཏབ་ཅིང་། དགེ་སློབ་ཡོངས་ཀྱི་སེམས་སུ་མི་སྒེར་བའི་ལྷན་སྐྱེས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ཟུང་དུ་འབྲེལ་བའི་བྱ་འགུལ་འདིས་ཀྱང་གྲུབ་འབྲས་གཡུར་དུ་ཟ་བའི་གོ་བསྐོན་བློ་འགུག་གི་སློབ་གསོའི་སྐུལ་མ་ཐེབས་ཡོད།


ཨང་དང་བོ།

ཨང་གཉིས་པ།

ཨང་གསུམ་པ།

ཨང་གསུམ་པ།

ཨང་གསུམ་པ།



སྤྱིའི་ལྟ་སྐུལ་བ། སློབ་གཙོ་འགུར་བྷོ།    རི་མོའི་དགེ་རྒན། རྟ་མགྲིན་སྐྱབས།  པར་ལེན་པ།     མཁས་གྲགས།  ཡི་གེ་བ། མཆོད་རྟེན་སྐྱབས་བཅས་ཡིན།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-12-09 ལྟ་ཀློག (5940)