སློབ་གླིང་གསར་འགྱུར། སྐབས་ཉེར་བདུན་པའི་འཁྲུངས་སྐར།

སློབ་གླིང་གསར་འགྱུར།

    ༢༠༢༡ལོའི་ཟླ་༡༢ཚེས་༨ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བདུན་པའི་འཁྲུངས་སྐར་བསུ་བའི་དགའ་སྟོན་དྲྭ་ལམ་བརྒྱུད་ནས་སྤེལ་བ་དང་།   རིག་རྩལ་སྣ་ཚོགས་དང་དགེ་སློབ་གཏམ་བཤད་སོགས་རྣམ་གྲངས་གྱ་ནོམ་པ་ཕུལ་བས་དྲ་ལམ་སོ་སོ་ནས་དགའ་བསུ་གནང་སྟེ་གསན་གཟིགས་གནང་མཁན་ཁྲི་ཕྲག་མང་བོ་བྱུང་།   དེ་དང་བསྟུན་ཨ་མཆོག་ཡ་རུ་རྒྱུད་སྡེ་གཞུང་ནས་སློབ་གླིང་གི་འཁྲུངས་སྟོན་ལ་དམངས་སྒོར་ཁྲི་གཉིས་དང་བཅུ་གསུམ་གྱི་ལེགས་སྐྱེས་ཕུལ་བ་དང་། མགོ་ལོག་གངས་ལྗོངས་ཞིང་ཕྱུགས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེའི་མཉམ་འབྲེལ་ཚོང་སྡེ་ནས་ངེད་སློབ་གླིང་གི་འཁྲུངས་སྟོན་ལ་དམངས་སྒོར་ཁྲི་གཅིག་གི་ཞལ་འདེབས་ཕུལ་བར་མ་ཟད། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་གཉིས་པའི་མཐར་ཕྱིན་འཛིན་གྲྭའི་༼གསོ་རིག༽ སློབ་གྲོགས་ཡོངས་འཁྲུངས་སྟོན་གྱི་གླགས་འདི་དང་བསྟུན་ནས་མ་ཡུམ་སློབ་གླིང་ནས་ལྷན་འཛོམས་བྱུང་བ་དང་། སློབ་གླིང་གི་དགེ་རྒན་དང་ལས་བཟོ་བ་ཡོངས་ལ་གསོལ་སྟོན་ཕུལ་ཅིང་།  སློབ་གླིང་གི་ད་ཡོད་ཀྱི་སློབ་མ་ཡོངས་ལ་ཤིང་ཏོག་སྣ་ཚོགས་དང་ཀ་ར་སོགས་ཟས་རིགས་ཀྱི་ལེགས་སྐྱེས་གྱ་ནོམ་པ་ཕུལ་ཏེ་འཁྲུངས་སྟོན་ལ་རྟེན་འབྲེལ་ཞུས།

གསར་འགོད་པ། འབའ་སྣང་གྲོལ།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-12-09 ལྟ་ཀློག (3203)