མགོ་ལོག་ལྷ་གཡག་རྟགས་མའི་ཐོན་རྫས་ཆེད་ཚོང་ཁང་གི་གསར་འགྱུར།


མགོ་ལོག་ལྷ་གཡག་རྟགས་མའི་ཐོན་རྫས་ཆེད་ཚོང་ཁང་གི་གསར་འགྱུར།


     ༢༠༡༧ལོའི་ཟླ་བ་༡༡པའི་ཚེས༥ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་མགོ་ལོག་ཡན་ལག་ཁང་གི་དབུ་འབྱེད་མཛད་སྒོ་སྤེལ་ཞིང་།   མཛད་སྒོའི་ཐོག་གངས་ལྗོངས་ཀྱི་སློབ་གསོ་བ་དང་ཁེ་ལས་པ་གྲགས་ཅན་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་དང་།  བོད་ཀྱི་ན་གཞོན་ཁེ་ལས་པ་མི་འགྱུར་རྡོ་རྗེ་ལགས་གཉིས་ཕེབས་ཤིང་ཚོགས་ཞུགས་མི་སྣ་ཡང་བཞི་བཅུ་ལྷག་འཛོམས།
    ཐོག་མར་རང་རེའི་དྲུང་ཡིག་པ་སྐལ་བཟང་ནོར་བུས་དབུ་བཟུང་ཞིང་།  ང་ཚོས་ད་སྔ་བསྒྲུབས་མྱོང་བའི་བྱ་བའི་བརྒྱུད་རིམ་དང་མ་འོངས་པའི་ཕུགས་བསམ་མདོར་བསྡུས་ཤིག་ཆེད་ཞུ་རྣམ་པ་གཉིས་དང་ཚོགས་ཞུགས་མི་སྣར་སྙན་གསལ་ཞུས།  དེ་རྗེས་ལྷ་གཡག་རྟགས་མའི་སྤྱིའི་སྦྱིན་བདག   བོད་ཀྱི་ན་གཞོན་ཁེ་ལས་པ་མི་འགྱུར་རྡོ་རྗེ་ལགས་ཀྱིས་གཏམ་བཤད་གནང་ཞིང་།  གཏམ་བཤད་ཀྱི་གནད་རྩ་ནི་རང་མི་རིགས་ཀྱི་ཐོན་ཁུངས་རྒྱལ་སྤྱིར་ཁ་ཕྱོགས་པ་དང་། ཚོང་རྫས་ཁྲོམ་ར་ཅན་དུ་བསྒྱུར་བ། ཁེ་ལས་དོ་དམ།    ཁེ་ལས་སྒྲིག་འཛུགས།   ལྷ་གཡག་རྟགས་མའི་ཀོ་བའི་ཐོན་སྐྱེད་ཀྱི་ཚོང་ཟོག་ངོ་སྤྲོད་དང་དེ་བསྒྲུབས་པའི་དམིགས་ཡུལ་སོགས་ཞིབ་རྒྱས་གསུངས།

    དེ་ཞོལ་ནས་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གི་དུས་ཚོད་གཅིག་རིང་ལ་གསུང་བཤད་གནང་ཞིང་། གསུང་གི་ཉིང་བཅུད་ནི་ཁོང་གི་བྱ་བའི་བརྒྱུད་རིམ་གྱི་ཉམས་མྱོང་དང་སྙིང་སྟོབས་ཆེར་བསྐྱེད། བརྩོན་པ་ལྷོད་མེད་སྒོས་མདུན་སྐྱོད་བྱས་ཏེ།  གོམ་འགྲོས་མཚམས་མི་འཇོག་པར་ཉིན་རེ་ཉིན་རེ་གོམ་པ་གཅིག་དང་གཉིས་བྱས་ནས་བསྐྱོད་དགོས་པ་ལས།  གལ་ཏེ་གོམ་པ་སྤོ་བར་མཚམས་བཞག་པ་ཡིན་ན་དེ་ཕུགས་རྒྱང་རིང་བོའི་བྱ་བཞག་ཅིག་མི་གྲུབ་པ་ཡིན་པས་རྒྱུན་འཁྱོངས་གནང་དགོས་ཞེས་སྐུལ་བ་དང་མི་རིགས་རང་ཉིད་ཀྱི་ཐོན་ཁུངས་བལ་དང་ཁུ་ལུ་སོགས་ཀྱི་ཐོན་སྐྱེད་གོང་འཕེལ་གཏོང་དགོས་པའི་རེ་སྐུལ་ཡང་ཡང་ཞུས།

    མཇུག་མཐར་ཆེད་ཞུ་རྣམ་པ་གཉིས་དང་ཚོགས་ཞུགས་འགྲུལ་བ་ཡོངས་ཀྱིས་ལྷ་གཡག་རྟགས་མའི་ཐོན་རྫས་ལ་ཉམས་ཞིབ་དང་རྒྱུས་ལོན་གནང་ཞིང་ཕུན་སུམ་ཚོགས་པའི་ངང་མགོ་ལོག་ལྷ་གཡག་ཆེད་ཚོང་ཁང་གི་དབུ་འབྱེད་མཛད་སྒོ་བཀྲ་ཤིས་པའི་ངང་མཇུག་སྒྲིལ།


སློབ་དཔོན་འཇིགས་མེད་རྒྱལ་མཚན་དང་ཁེ་ལས་པ་མི་འགྱུར་རྡོ་རྗེ་རྣམ་གཉིས་ཀྱིས་དབུ་འབྱེད་པ།

རང་རེའི་དྲུང་ཡིག་སྐལ་བཟང་ནོར་བུས་མགོ་བཟུང་བ།

སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་གསུང་བཤད་གནང་བ།

ཁེ་ལས་པ་རྒན་མི་འགྱུར་རྡོ་རྗེས་གཏམ་བཤད་གནང་།

མགོ་ལོག་ལྷ་གཡག་ཆེད་ཚོང་ཁང་གི་ལྷ་གཡག་རྟགས་མའི་ཐོན་རྫས་ལ་ཉམས་ཞིབ་དང་རྒྱུན་ལོན་གནང་བ།



འབྲེལ་ཡུལ། མགོན་དཀར་ཚེ་རིང་།18809759094
སྐལ་བཟང་ནོར་བུ།15695352059
སེར་སྐོར་འཇམ་ཚེ།13649751210
དཔལ་ཆེན།13521896636
བསོད་ནམས་ཉི་མ།18097450223
བཀྲ་ཤིས་རབ་བརྟན།17809751122
གསར་འགོད་པ་སེར་སྐོར་འཇམ་ཚེ།

རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2017-11-05 ལྟ་ཀློག (6221)