རེས་གཟའ་ཕུར་བུའི་ཉིན་གྱི་དམ་བཅའ་ཆེན་མོ་གླིང་སྟོད་དུ་འཚོགས་པ།

ཤེས་རིག་གླིང་གི་གཟའ་ཕུར་བུའི་ཉིན་གྱི་དམ་བཅའ་ཆེན་མོ་གླིང་སྟོད་དུ་འཚོགས་པ།

 

     2017ལོའི་སྤྱི་ཟླ་10བའི་ཚེས་12ཉིན་སྟེ་གཟའ་ཕུར་བའི་ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྟོད་སྨད་གཉིས་ཀྱི་སློབ་མ་སྟོང་ཕྲག་གཅིག་ལྷག་གླིང་སྟོད་ཀྱི་དམ་བཅའ་ཐང་དུ་འཛོམས་ཏེ་འཛིན་གྲྭ་སོ་སོའི་འགྲན་ཞུགས་པ་མི་གྲངས་ཉེར་བཞི་ལྷག་ཐེངས་འདིའི་དམ་བཅའ་ཆེན་མོའི་འགྲན་བསྡུར་ལ་ཞུགས། དམ་བཅའ་ཆེན་མོ་འདི་ནི་བསྡུས་གྲྭའི་རིག་ལམ་ལ་བརྟེན་ནས་སུམ་རྟགས་དག་གསུམ་དང་། སྙན་ངག་ལོ་རྒྱུས་སོགས་ལ་རིག་པའི་ལམ་དུ་དབྱེ་ཞིབ་བྱེད་སྟངས་ཤིག་ཡིན།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཚུགས་ནས་ད་ལྟའི་བར་རྒྱུན་བསྐྱངས་ཏེ་རྩོད་པའི་རིག་ལམ་འདི་ལ་བརྟེན་ནས་བོད་རྒྱ་དབྱིན་གསུམ་གྱི་གཞུང་ལུགས་མང་བོར་རིག་པའི་ལམ་དུ་དབྱེ་ཞིབ་བྱས་རྐྱེན་ཞིང་ཆེན་དང་ཁུལ་རིམ་པའི་སློབ་ཆེན་སློབ་མ་དང་མཐོ་འབྲིང་སློབ་མའི་རིག་ལམ་འགྲན་བསྡུར་ཁྲོད་དུའང་གཞན་ལས་ཁྱད་འཕགས་རང་བཞིན་གྱི་བྱ་དགའ་རབ་དང་རིམ་པ་མང་བོ་ཐོབ་མྱོང་།  དེ་བས་རེས་གཟའ་ཕུར་བུའི་ཉིན་གྱི་དམ་བཅའ་ཆེན་མོའི་འགྲན་བསྡུར་སྐབས་དགེ་རྒན་དང་ལས་བཟོ་ཡོངས་མཉམ་ཞུགས་བྱས་ཡོད་པ་མ་ཟད་ཆེད་ལས་དགེ་རྒན་རྣམས་ཀྱིས་འགྲན་ཞུགས་སློབ་མ་རྣམས་ཀྱི་སྐར་འབྲས་སྤྱི་བསྡོམས་བྱས་ཏེ་ཕུལ་བྱུང་སློབ་མར་གཟེངས་བསྟོད་དང་བྱ་དགའ་གནང་།

རྟགས་གསལ་གཏོང་བཞིན་པ།

རེས་གཟའ་ཕུར་བུའི་ཉིན་གྱི་དམ་བཅའ་ཆེན་མོ།

རེས་གཟའ་ཕུར་བུའི་ཉིན་གྱི་དམ་བཅའ་ཆེན་མོ།

གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ།  ལྡོང་རུ་ཆོས་དུང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-10-14 ལྟ་ཀློག (3809)