གངས་ལྗོངས་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གི་གསར་འགྱུར།

གངས་ལྗོངས་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གི་གསར་འགྱུར།

 

  2017 ལོའི་སྤྱི་ཟླ་10 བའི་ཚེས་12ཉིན་སྟེ་གཟའ་ཕུར་བའི་ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གིས་ཆེད་ཞུས་ལྟར་བོད་ཀྱི་གསོ་རིག་ཆེད་མཁས་པ། སློབ་དཔོན་ཆེན་མོ་སྨན་པ་ཏིང་འཛིན་མཆོག་གིས་ཤེས་རིག་ནོར་བུའི་སློབ་གླིང་གི་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གི་སློབ་ཁྲིད་ཐོག་ཁང་དུ་རང་སློབ་གླིང་གི་གསོ་རིག་ཆེད་སྦྱོང་འཛིན་གྲྭ་སོ་སོའི་སློབ་མ་ཡོངས་དང་གསོ་རིག་ཆེད་སྦྱོང་འཛིན་གྲྭའི་དགེ་རྒན་ཡོངས་ལ་ཆེད་དུ་དཔལ་ལྡན་རྒྱུད་བཞིའི་སྟེང་གི་དཀའ་གནད་རྣམས་དཔེ་ཁྲིད་བྱས་པ་དང་། དེང་སྐབས་ཀྱི་གསོ་རིག་ཆེད་མཁས་པ་ཡོངས་ལ་ཡོད་པའི་དོགས་གཞི་ཅན་དྲི་བ་དྲིས་ལན་སྐོར་གྱི་འཆད་ཁྲིད་དང་དཔེ་ཁྲིད་གནང་བ་རེད། 

    ཁོང་ནི་གཞུང་ཐོག་དང་ལག་ལེན་གང་ཅིའི་ཐད་གཞན་དྲངས་མི་འཇོག་པའི་བོད་ཀྱི་གསོ་རིག་མཁས་དབང་ཆེན་པོ་ཞིག་ཡིན་པ་མ་ཟད།  དེང་སྐབས་བོད་ཁུལ་གྱི་དགོན་སྡེ་དང་སློབ་གྲྭ་སོ་སོའི་ནང་ཆེད་ཞུས་ཀྱིས་དཔེ་ཁྲིད་སྣ་ཚོགས་བྱེད་ཀྱིན་ཡོད། ཁོང་གིས་ལྷག་བསམ་སྲོལ་མེད་ངང་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སྔ་ཕྱིར་ཐེངས་དུ་མར་ཕེབས་ཏེ་གསོ་རིག་ཆེད་སྦྱོང་དགེ་སློབ་ཡོངས་ལ་འཆད་ཁྲིད་དང་དཔེ་ཁྲིད་བྱས་མྱོང་བ་ཡིན།

སྨན་པ་ཏིང་འཛིན་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།

དགེ་སློབ་ཡོངས་ཀྱི་མཉམ་པར།

གསོ་རིག་སློབ་ཁྲིད་ཐོག་ཁང་ཆེན་མོ།

གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ།  ལྡོང་རུ་ཆོ་དུང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-10-14 ལྟ་ཀློག (3741)