བྲག་དཀར་ཐོན་མིའི་སློབ་ཚོགས་ཀྱིས་སྤྱི་བསྡོམས་བྱ་བའི་ཚོགས་འདུ་བསྡུས་པ།

བྲག་དཀར་ཐོན་མིའི་སློབ་ཚོགས་ཀྱིས་སྤྱི་བསྡོམས་བྱ་བའི་ཚོགས་འདུ་བསྡུས་པ།

     2017ལོའི་སྤྱི་ཟླ་10བའི་ཚེས་6་གི་དགོང་མོར་བྲག་དཀར་ཐོན་མིའི་སློབ་གསོ་དཔར་ལས་ཁང་གི་རྒྱུན་ལས་འགན་འཛིན་པ་དང་ཐོན་མིའི་དཔར་ཁང་གི་མི་སྣ་ཚང་མར་འཛོམས་ཏེ་ཆུ་ཚོད་ལྔའི་རིང་ལོ་གཅིག་གི་བྱ་བར་སྤྱི་བསྡོམས་བྱས།  ཚོགས་ཐོག་ཏུ་རྒྱུན་ལས་འགན་འཛིན་པ་དཀོན་མཆོག་ཆོས་རྒྱན་གྱིས་དཔར་ཁང་གི་ད་ལྟའི་རྣམ་པ་དང་མ་འོངས་པའི་འཕེལ་རྒྱས་སོགས་ཕྱོགས་གང་ཐད་ནས་ངོ་སྤྲོད་འཐུས་ཚང་བ་ཞིག་གནང་།   རིམ་བཞིན་ཚོགས་གཙོ་དང་ཚོགས་གཞོན། ལས་བཟོ་བ་སོགས་ཀྱིས་ལས་གཞི་དང་སྒྲིག་ལམ་ཕྱོགས་ནས་ཁ་ཏ་མང་དུ་གནང་ཞིང་གཅིག་མཐུན་སྒོས་བྱ་བ་རེ་ཟུང་ཐག་གཅོད་བྱས།
   ང་ཚོ་སློབ་གྲོགས་ཚང་མས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མ་འོངས་པའི་བྱ་བར་འཐུས་སྒོ་ཚང་བའི་ལས་གཞི་ཞིག་སྒྲུབ་དགོས་པའི་གྲོས་གཞི་མང་བོ་བཏོན་པར་མ་ཟད་དྲི་བ་དྲིས་ལན་སོགས་ཀྱི་བསམ་ཚུལ་མང་དུ་གནང་།   ལས་གཞི་འདི་འདྲ་ཞིག་སྒྲུབ་དགོས་ན་ཐོག་མར་སློབ་གྲོགས་ཕན་ཚུན་བར་ལ་ཡིད་ཆེས་དང་ལྷག་བསམ་རྣམ་པར་དག་པ་ཞིག་ཅིས་ཀྱང་དགོས་པ་རེད།   འདི་ནི་ཚང་མའི་ཐུགས་ལ་ནམ་ཡང་དམ་པོར་བཅིངས་དགོས་ཞེས་གཏམ་གླེང་སྣ་ཚོགས་བྱས་པ་ཡིན།  མཇུག་མཐར་སློབ་གྲོགས་ཚོས་ཀུ་རེ་རྩེད་མཚར་དང་བཅས་ཐེངས་འདིའི་བྱ་བའི་མཇུག་བདེ་བླགས་ངང་བསྡུས།

ལོ་གཅིག་གི་བྱ་བར་སྤྱི་བསྡོམས་གནང་བ།

གྲོས་གཞི་སྣ་ཚོགས་ལ་གྲོས་ཀ་བསྡུར་བ།

བྲག་དཀར་རྫོང་ཐོན་མིའི་སློབ་གསོ་དཔར་ལས་ཁང་།

དཔར་ཁང་ནང་གི་རྣམ་པ།

ལས་མིས་ལས་ཞུགས་བྱེད་ཀྱིན་པ།

བརྡ་ཁྱབ་དཔར་ཆས།


གསར་འགྱུར་མཁོ་སྤྲོད་པ། འཇིགས་མེད་འཕགས་པ་ཆོས་གྲགས་རྒྱ་མཚོས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-10-09 ལྟ་ཀློག (5710)