ནཱོ་བྷེལ་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའི་ཐོབ་འབྲས་ཁྱབ་བསྒྲགས་བྱས་པ།

ནཱོ་བྷེལ་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའི་ཐོབ་འབྲས་ཁྱབ་བསྒྲགས་བྱས་པ།

   སི་ཝེ་དན་གྱི་དེ་གའི་ཟླ10བའི་ཚེས2ཉིན་གྱི་ཆུ་ཚོད་11:30སྟེང་སི་ཝེ་དན་གྱི་རྒྱལ་ས་སི་ཁྲཱོ་ཁུ་ཧོ་ལུམ(Stockholm)གྱི་ཁཱ་རོ་ལེན་སི་ཁཱ(Carolinska)གསོ་རིག་སློབ་གླིང་དུ་ནཱོ་བྷེལ་ལུས་ཁམས་རིག་པའམ་གསོ་རིག་ཨུ་ཡོན་ཁང་གི་དྲུང་ཡིག་པ་ཐཱོ་མཱ་སི་ཕི་རཱལ་མན(Thomas Perelman)གྱིས་ད་ལོའི་ལུས་ཁམས་རིག་པའམ་གསོ་བ་རིག་པའི་ནཱོ་བྷེལ་བྱ་དགའ་དེ་ཉིད་ལྗེ་ཧྥུ་རེ་ཧཱལ(Jeffrey Hall)དང་མཱེ་ཁོལ་རོ་སུ་བྷ་ཞུ(Michael Rosbash)མཱེ་ཁོལ་ཡཱང(Michael Young)གསུམ་ལ་ཐོབ་པ་ཁྱབ་བསྒྲགས་བྱས།

ཐེངས་འདིར་བྱ་དགའ་ཐོབ་པའི་ཚན་རིག་པ་འདི་གསུམ་ནས་ཉིན་མཚན་དུས་མཚམས་ཀྱི་འདུས་རྡུལ་གྲུབ་རྐྱེན་ལ་ཚོད་འཛིན་བྱེད་ཐབས་ཤེས་རྟོགས་བྱུང་།


  ཉིན་མཚན་དུས་མཚམས་གྲུབ་རྐྱེན--དེ་ནི་སྐྱེ་དངོས་ག་དུས་གཉིིད་ཉལ་བ་དང་ག་དུས་གཉིད་སད་པར་ཚོད་འཛིན་བྱ་བ་དང་། ཅི་ལྟར་གཟུགས་ཁམས་ཀྱི་དུས་མཚམས་དང་ཉི་མའི་དུས་འཁོར་མཉམ་བགྲོད་བྱ་བའི་སྒྲིག་གཞིའམ་གྲུབ་རྐྱེན་ཞིག་ཡིན།

གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ། སྨྲ་ཁམས་མཁའ་འགྲོ་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-10-07 ལྟ་ཀློག (3429)