དེབ་གསར་མི་ཆོས་རིག་པའི་མེ་ལོང་།


སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་དཔེ་འཕྲིན།

  ས་སྐྱའི་ལེགས་བཤད་ཀྱི་ཚིག་དོན་གོ་བདེར་བཤད་པ་མི་ཆོས་རིག་པའི་མེ་ལོང་ཞེས་པ་ནི། སློབ་དཔོན་ཆེན་པོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་ཡིག་ཆེས་མཐོའི་འཛིན་གྲྭ་ཁག་ལ་གཞུང་འདི་དཔེ་ཁྲིད་གནང་སྐབས་དང་བསྟུན་ནས་གསར་དུ་བྲིས་པ་ཞིག་ལགས་ཏེ། ཚིག་དོན་གོ་གསལ་ཞིང་བརྗོད་པ་ལེགས་པ། ཚིག་ཉུང་ཞིང་དཔྱད་པ་གནད་དུ་སྨིན་པ་སོགས་ཁྱད་ཆོས་དུ་མས་ཕྱུག་པས། སློབ་གྲྭ་ཆེ་འབྲིང་དང་དགེ་རྒན་མང་བོའི་རེ་འདུན་བཞིན་སྟོད་ཆ་དཔར་དུ་བཀོད་དེ་མི་རིང་བར་འགྲེམ་སྤེལ་བྱེད་རྩིས་ཡོད་དོ།།


དཔེ་གསར་མི་ཆོས་རིག་པའི་མེ་ལོང་། 


དེབ་གསར་མི་ཆོས་རིག་པའི་མེ་ལོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2017-10-03 ལྟ་ཀློག (6157)