སློབ་གླིང་གསར་འགྱུར།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལུས་རྩལ་འགྲན་ཚོགས་སྐབས་ཉེར་གསུམ་པ་དངོས་སུ་འཚོགས་པ།

     2017ལོའི་སྤྱི་ཟླ་10བའི་ཚེས་2ཉིན་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལུས་རྩལ་འགྲན་ཚོགས་སྐབས་ཉེར་གསུམ་པ་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྨད་ཀྱི་ལུས་རྩལ་ཐང་ཆེན་དུ་འཚོགས་ཤིང་།  ཚོགས་ཐོག་ཏུ་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་དང་སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ཚང་།   སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ཚང་སོགས་གཙོ་བྱས་ཏེ་དགེ་སློབ་སློབ་སྟོང་ཕྲག་ལྷག་ཟབ་ཞུགས་གནང་སྟེ་ལུས་རྩལ་འགྲན་ཚོགས་ཀྱི་མཛད་སྒོ་དངོས་སུ་ཕྱེས་པ་དང་འཛིན་གྲྭ་སོ་སོའི་ཆེད་དུ་ཇུས་འགོད་བྱས་པའི་ལག་རྩལ་ལས་ཐོན་པའི་རུ་དར་སྣ་ཚོགས་བཤམས་སྟོན་བྱས་རྗེས་འཛིན་གྲྭ་སོ་སོ་ཕྲེང་བསྒྲིགས་ཏེ་སློབ་གྲྭའི་སློབ་གླུ་བླངས་ཤིང་།  སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གི་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་དང་འབྲེལ་བའི་གསུང་བཤད་གལ་ཆེན་གནང་བ་དང་།  ལུས་རྩལ་ཤན་འབྱེད་པ།  འཛིན་གྲྭ་སོ་སོའི་ལུས་རྩལ་འཐུས་ཚབ་པ །  བྱིས་པའི་ལུས་རྩལ་འཐུས་ཚབ་པ་བཅས་ཀྱིས་གཏམ་བཤད་གནང་བ་བཅས་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཆེན་མོ་ད་ལྟ་དངོས་སུ་འགྲན་བསྡུར་བྱེད་བཞིན་པའི་སྒང་ཡིན།  ཐེངས་འདིའི་ལུས་རྩལ་འགྲན་ཚོགས་བསྟུད་མར་ཉིན་ལྔ་ལྷག་ལ་འཚོགས་འཆར་ཡོད་པས་འཛིན་གྲྭ་སོ་སོའི་རྒྱལ་ཕམ་གྱི་གནས་ཚུལ་ཐེངས་རྗེས་མའི་གསར་འགྱུར་ལ་གཟིགས་རོགས།


སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་ལུས་རྩལ་འགྲན་ཚོགས་ཀྱི་དབུ་འབྱེད་གསུང་བཤད་གནང་བ།

འཛིན་གྲྭ་སོ་སོས་རུ་དར་སྣ་ཚོགས་ཐོགས་ཏེ་ལུས་རྩལ་ཐང་ཆེན་དུ་འཛོམས་པ།

འཛིན་གྲྭ་སོ་སོ་ཕྲེང་བསྒྲིགས་ཏེ་སློབ་གླུ་ལེན་བཞིན་པ།

འགྲན་བསྡུར་སྔོན་བསུའི་གྲ་སྒྲིག་གནང་བཞིན་པ།

འགྲན་བསྡུར་སྔོན་བསུའི་གྲ་སྒྲིག་གནང་བཞིན་པ།

འཛིན་གྲྭ་སོ་སོས་རུ་དར་སྣ་ཚོགས་ཐོགས་ཏེ་ལུས་རྩལ་ཐང་ཆེན་དུ་འཛོམས་པ།


གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ། ལྡོང་རུ་ཆོས་དུང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-10-02 ལྟ་ཀློག (4273)