གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་ཁྲིད་ཐོག་ཁང་གསར་བཞེ​ངས་ལེགས་གྲུབ་བྱུང་བ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་ཁྲིད་ཐོག་ཁང་གསར་བཞེངས་ལེགས་གྲུབ་བྱུང་བ།

     ཀྲུང་ཧྭ་སྙིང་རྗེ་དུས་ཆེན་གྱི་ཉིན་མོ་སྟེ་སྤྱི་ལོ་ ༢༠༡༦ལོའི་སྤྱི་ཟླ་༩ཚེས་༥ཉིན་པེ་ཅིང་ཧོང་ཀོང་རྟ་མཆོག་ཚོགས་པས་མ་དངུལ་བཏང་སྟེ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་ཁྲིད་ཐོག་ཁང་གསར་བསྐྲུན་གནང་བའི་མཛད་སྒོ་གླིང་སྟོད་དུ་གཟབ་རྒྱས་ངང་འཚོགས་ཤིང་།  ཚོགས་ཐོག་ཏུ་ཀྲུང་གོ་སྤྱི་ཚོགས་ལས་དོན་མཉམ་འབྲེལ་ཚོགས་པའི་ཀྲུའུ་རིན་ལིས་ཁུ་ཡིས་མདོ་འཛིན་མཛད་པར་མ་ཟད། དགེ་རྒན་འཇིགས་མེད་རྒྱལ་མཚན་གཙོ་བྱས་ཏེ་ཧོང་ཀོང་རྟ་མཆོག་ཚོགས་པའི་བཟོ་སྐྲུན་སྤྱིའི་ལྟ་སྐུལ་བ་སྐུ་ཞབས་ཀྲང་བེས་ཅང་། པེ་ཅིང་ཧོང་ཀོང་རྟ་མཆོག་ཚོགས་པའི་ཚོགས་གཞོན་བོས་ལོ་ཆོ། པེ་ཅིང་ཧོང་ཀོང་རྟ་མཆོག་ཚོགས་པའི་དུས་དེབ་གཙོ་སྒྲིག་པ་ལིས་ལོ་མན།  ཀྲུང་གོ་སྤྱི་ཚོགས་ལས་དོན་མཉམ་འབྲེལ་བློ་འདྲི་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁུ་སོགས་ཚོགས་འདུར་ཞུགས་ཏེ་གཏམ་བཤད་གལ་ཆེན་གནང་བ་དང་། རྗེས་སུ་པེ་ཅིན་ཧོང་གོང་རྟ་མཆོག་ཚོགས་པས་སྔ་ཕྱིར་མ་དངུལ་སྒོར་ཁྲི་སུམ་བརྒྱ་སུམ་ཅུ་ལྷག་བཏང་ནས་ལོ་གཅིག་ལྷག་གི་རིང་ལས་བཟོ་བ་མང་བོས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་༢༠༡༧ ལོའི་སྤྱི་ཟླ་༩བའི་ཚེས་༡༤ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་ཁྲིད་ཐོག་ཁང་ལེགས་གྲུབ་ཀྱི་མཛད་སྒོ་དངོས་སུ་ཕྱེ་ཐུབ་པ་བྱུང་།

༢༠༡༦ལོའི་སྤྱི་ཟླ་༩བའི་ཚེས་༥ཉིན་སློབ་ཁྲིད་ཐོག་ཁང་ལས་གཞི་འགོ་རྩོམ་པའི་མཛད་སྒོ་བསྡུས་པ།

སློབ་ཁྲིད་ཐོག་ཁང་གི་ལས་གཞི་དངོས་སུ་འགོ་བརྩམས་པ།

ལས་གཞི་ལེགས་གྲུབ་ལ་གཟིགས་ཞིབ་ཏུ་ཕེབས་པར་དགའ་བསུས་ལྷ་དར་འཐེན་པ།

ཐེངས་འདིར་ཆེད་ཕེབས་ཀྱི་སྐུ་མགྲོན་རྣམས་ལ་སྣེ་ལེན་བྱས་པ།

སློབ་ཁྲིད་ཐོག་ཁང་གི་མདུན་དུ་མཉམ་པར་བསྐྱོན་པ།

སློབ་ཁྲིད་ཐོག་ཁང་ལེགས་གྲུབ་ཀྱི་མཛད་སྒོ་བསྡུས་པ།

ཆེད་ཕེབས་སྐུ་མགྲོན་རྣམས་ཀྱིས་མཛད་སྒོའི་དར་ཚོན་གཅོད་བཞིན་པ།

མདོ་འཛིན་པས་བཀྲ་ཤིས་སྨོན་ཚིག་སྒྲོན་པ།

སྐུ་མགྲོན་རྣམས་ལ་རིག་རྩལ་གྱི་ལེགས་སྐྱེས་ཕུལ་བ།

ལྷག་བསམ་དང་ཐུགས་ཁུར་ལ་བསྔགས་བརྗོད་བྱས་པ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-09-15 ལྟ་ཀློག (5289)