རྭ་རྒྱའི་སློབ་གླིང་སྨན་རྩིས་ཁང་གི་བརྡ་སྦྱོར།

      ངེད་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་ངམ་རྭ་རྒྱ་ཤེས་རིག་སློབ་གླིང་གི་སྨན་ཁང་ད་ལོར་དངོས་སུ་སྒོ་ཕྱེས་པ་ཡིན་ལ།    དུས་ད་ལོ་ནས་བཟུང་ཕྱོགས་ངེས་མེད་ཀྱི་ནད་པ་དག་གི་དགོས་མཁོར་དམིགས་ཏེ།  ལོ་རེ་རེ་ནས་མན་ངག་ཟབ་ཁྱད་ཅན་གྱི་ལག་ལེན་དང་སྨན་བཅོས་རིགས་མི་འདྲ་བ་མཐོང་དཀོན་པའི་གསོ་བཅོས་ཁྱད་པར་ཅན་མང་དུ་སྤེལ་འཆར་ཡོད།

     ད་ལོའི་སྤྱི་ཟླ་༩བའི་ཚེས་༡༣ཉིན་ནས་བཟུང་བོད་ལྗོངས་སྨན་རྩིས་ཁང་དང་སོག་ཤོད་ཀུན་ཕན་སྨན་རྩིས་ཁང་གཉིས་ནས་དངོས་སུ་བརྒྱུད་པའི་བོད་ལུགས་སྨན་ལུམས་ལས་རླངས་ལུམས་དང་བཅིང་ལུམས།  གཞན་བྱུག་པ་དང་བསྐུ་མཉེ་སོགས་ཀྱི་སྨན་བཅོས་ལག་ལེན་སྤེལ་རྒྱུ་ཡིན་ལ། ཆེད་བཅོས་ནད་རིགས་གཙོ་བོ་ནི།  རྐང་ལག་གི་རུས་ཚིགས་ན་བ་དང་། རྩ་དཀར་གྱི་ནད་རིགས།  རྐང་ལག་ཞ་འཁུམ་དང་གཟུགས་གཞི་སྒུར་བ།  རྨ་དང་འབྲུམ་བུའི་རིགས། ཁྱད་པར་དུ་རུས་ལྷག་སྐྱེས་པ་དང་།  མཁལ་འགྲམས་གྲང་གཅོང་སོགས་ནད་རིགས་སྤྱི་དང་།  བྱེ་བྲག་ཏུ་མོ་ནད་ཀྱི་རིགས་བཅས་ལ་ཕན་ནུས་ཆེ་བའི་བོད་ལུགས་རླངས་ལུམས་སྨན་བཅོས་བྱེད་རྒྱུ་ཡིན་པས་རྒྱ་ཆེ་བའི་ནད་པ་རྣམས་དུས་ལྟར་སྨན་ཁང་དུ་ཕེབས་པར་ཞུ།

སྨན་སྣའི་རིགས་འཐུ་བཞིན་པ།

སྨན་སྣ་ཉི་མར་ལྡེ་བ་དང་གྲ་སྒྲིག་བྱེད་བཞིན་པ།

སྨན་གཞུང་ནས་བསྟན་པ་བཞིན་སྨན་སྣ་ཆ་ཚང་གྲ་སྒྲིག་བྱས་པ།

རྫས་འགྱུར་གྱིས་བསླད་པ་མ་ཡིན་པའི་སྤུས་གཙང་གི་སྨན་སྣ་འཐག་བཞིན་པ།

སློབ་གླིང་གི་གསོ་རིག་ཆེད་སྦྱོང་འཛིན་གྲྭ་ལ་སྔར་དཔེ་ཆའི་གཞུང་ནས་ཁྲིད་པ་དང་ད་ལྟ་ལག་ལེན་དངོས་ཐོག་ནས་དམར་ཁྲིད་བྱེད་བཞིན་པ།

སྨན་ལུམས་སྨན་རྫས་ཀྱི་རིགས་སྐོལ་བཞིན་པ།

སྨན་ལུམས་ཀྱི་སྨན་རྫས་སྦྱར་ཚད་དང་སྡེབ་སྦྱོར་ལག་ལེན་བཅས་སློབ་མར་དམར་ཁྲིད་བྱེད་པ།

གལ་ཏེ་ཁྱེད་ལ་མི་འདོད་ནད་ཀྱིས་གདུང་བ་ཡོད་ཚེ་གནས་འདིར་ཤོག་དང་།  ང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ཁྱེད་རང་བདེ་ཐང་ཡོང་བར་བརྩོན་ལེན་བྱ་ངེས།

འབྲེལ་གཏུགས་བྱ་ཡུལ།

18946856388

17794129383

15897239266

འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གིས།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2017-09-10 ལྟ་ཀློག (7221)