གངས་ལྗོངས་སྤྲི་ཆུར་བཟོ་གྲྭས་སུ་རིག་ཆེན་སྡེ་བའི་གནོད་ཐེབས་ཁྱིམ་ཚང་ལ་རོགས་སྐྱོར་བྱས་པ།

གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་གི་བཟོ་ཚོགས་ཀྱིས་རྭ་རྒྱའི་སུ་རིག་ཆེན་སྡེ་བར་སེམས་ངོ་བསྟན་པ།

 

    ༢༠༡༧ ལོའི་སྤྱི་ཟླ་༩ཚེས་༧ཉིན་ངེད་གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་གི་བཟོ་ཚོགས་ཀྱིས་ཉེ་ལམ་མགོ་ལོག་ཁུལ་རྭ་རྒྱའི་སུ་རིག་ཆེན་སྡེ་བར་རི་ཉུལ་དོན་རྐྱེན་བྱུང་བའི་གནོད་ཐེབས་ཁྱིམ་ཚང་ལ་ཞལ་འདེབས་བསྡུས་ཤིང་། བཟོ་གྲྭའི་ལས་བཟོ་བ་ཡོངས་ཀྱིས་ལྷག་བསམ་རྣམ་དག་གིས་དམངས་སྒོར་༣༦༩༦ལྷག་གི་ཞལ་འདེབས་ཕུལ་ཏེ་གདུང་སེམས་མཉམ་བསྐྱེད་བྱས་པ།   སྤྱི་ཟླ་དགུ་བའི་ཚེས་བརྒྱད་ཉིན་བཟོ་དཔོན་བསྟན་རྒྱམ་དང་ཐོན་སྐྱེད་ཁང་གི་ཀྲོའུ་རིན་བྱམས་པ། བཟོ་ཚོགས་ཀྱི་ཀྲོའུ་ཞི་ཚེ་བརྟན་རྡོ་རྗེ་སོགས་དངོས་སུ་གནོད་ཐེབས་ས་ཁུལ་དུ་སོང་ནས་རྩིས་གཉེར་བ་གྲྭ་བ་དགེ་འདུན་དང་དངུལ་གཉེར་བ་གྲྭ་བ་བྱམས་པ་གཉིས་ཀྱི་ཕྱག་ཏུ་སྤྲད་དེ་གདུང་སེམས་མཉམ་བསྐྱེད་ཀྱི་སྒོ་ནས་འདས་པོ་རྣམས་ལ་མྱ་ངན་ཞུས་པའོ།།

ལས་བཟོ་རྣམས་ཀྱིས་ཞལ་འདེབས་འབུལ་བཞིན་པ།

ལས་བཟོ་རྣམས་ཀྱིས་ཞལ་འདེབས་འབུལ་བཞིན་པ།

ལས་བཟོ་རྣམས་ཀྱིས་ཞལ་འདེབས་འབུལ་བཞིན་པ།

བཟོ་གྲྭའི་འགོ་གཙོ་བསྟན་རྒྱམ་སོགས་ཀྱིས་གནོད་ཐེབས་ཁྱིམ་ཚང་ལ་ཞལ་འདེབས་ཕུལ་ཏེ་གདུང་སེམས་མཉམ་བསྐྱེད་བྱས་པ།

གནོད་ཐེབས་ས་ཁུལ་དུ་སོང་ནས་རྩིས་གཉེར་བ་གྲྭ་བ་དགེ་འདུན་དང་དངུལ་གཉེར་བ་གྲྭ་བ་བྱམས་པ་གཉིས་ལ་ཞལ་འདེབས་སྤྲོད་བཞིན་པ།

གསར་འགྱུར་མཁོ་སྤྲོད་པ་ཁྲོ་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-09-09 ལྟ་ཀློག (9355)