ཨ་རིའི་སྲིད་འཛིན་ཟུར་བ་ཞིག་གི་འཚོ་བ།

ཨ་རིའི་སྲིད་འཛིན་ཟུར་བ་ཞིག་གི་འཚོ་བ།

2017/07/12     09:56:18
     སྤྱི་ལོ2017ལོའི་ཟླ7པའི་ཚེས11ཉིན། ཁཱ་ན་ཏ་རྒྱལ་ཁབ་ཀྱི་ཨེ་ཏི་མོན་ཏོན་རུ། ཨ་རིའི་སྲིད་འཛིན་ཟུར་བ་ཁཱ་ཐིར(Jimmy Carter)གྱིས་རང་འདུན་དང་བླངས་པ་ཞིག་གི་འགན་འཁུར་ནས་བཟོ་བ་དག་དང་མཉམ་དུ་ཁང་བ་བཟོ་སྐྲུན་གྱི་ལས་ལ་ཞུགས་པ་རེད།

  ཅན་མོ་སི•ཨེལ་ཨར•ཁཱ་ཐིར(James Earl Carter)ལ་ཅེ་མེ•ཁཱ་ཐིར(Jimmy Carter)ཞེས་འབོད་སྲོལ་ཆགས་ཡོད། སྤྱི་ལོ1924ལོའི་ཟླ10བའི་ཚེས01ཉིན་ཁོང་ཙོ་ཀྲི་ཡ་མངའ་སྡེའི་ཕོ་ལན་སི་རུ་འཁྲུངས་པ་དང་། སྤྱི་ལོ1977ལོར་ཨ་རིའི་སྲིད་འཛིན་ཐེངས39བའི་ལས་འགན་བཞེས། སྤྱི་ལོ2002ལོར་ཁོང་ལ་འཛམ་གླིང་ནོར་པེལ་ཞི་བདེའི་གཟེངས་རྟགས་ཐོབ།

    སྤྱི་ལོ1984ལོ་ནས་བཟུང་། ཁཱ་ཐིར་རྒྱལ་སྤྱིའི་འགྲོ་བ་མིའི་རིགས་སྡོད་གནས་རྩ་འཛུགས་ནང་ཞུགས་ཏེ་ལོ་རེར་ཁོང་གི་མིང་ཐོག་ནས་ཅེ་མེ•ཁཱ་ཐིར་བྱ་བའི་ལས་གཞི(Jimmy Carter Work Project)ཞེས་པ་མངོན་འགྱུར་འོང་བ་བྱེད་ཀྱིན་ཡོད་པ་དང་། ཁོང་གིས་ལོ་རེའི་ནང་གཟའ་འཁོར་གཅིག་གི་དུས་ཚོད་བེད་སྤྱད་དེ་བཟོ་བའི་ལས་གོས་གྱོན་ནས་དབུལ་བོ་དག་ལ་སྡོད་ཁང་བཟོ་སྐྲུན་བྱས་དང་བྱེད་བཞིན་ཡོད།

        ཨ་རིའི་སྲིད་འཛིན་ཟུར་བ་ཁཱ་ཐིར།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-08-13 ལྟ་ཀློག (3855)