འོ་མ་བརྟག་དཔྱད་ཀྱི་ལག་རྩལ་འཇོན་ནུས་སྦྱོང་བརྡར་འཛིན་གྲྭ་བསྡུས་པ།

འོ་མ་བརྟག་དཔྱད་ཀྱི་ལག་རྩལ་འཇོན་ནུས་སྦྱོང་བརྡར་འཛིན་གྲྭ་བསྡུས་པ།

        ༢༠༡༧ ལོའི་སྤྱི་ཟླ་༦པའི་ཚེས་༢༧ནས་ཚེས་༢༩ཉིན་བར་མགོ་ལོག་ཁུལ་གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གིས་མཉམ་སྒྲུབ་ཚོང་སྡེའི་འོ་བསྡུ་ས་ཚུགས་བདག་གཉེར་དོ་དམ་དང་འོ་མའི་བརྟག་དཔྱད་གྱི་ལག་རྩལ་འཇོན་ནུས་སྦྱོང་བརྡར་མཇུག་བསྡུ་པའི་མཛད་སྒོ་རུ་མགོ་ལོག་ཁུལ་ཕྱུགས་ལས་ཅུས་འགོ་གཙོ་ཚེ་རིང་དོན་གྲུབ་མཆོག་གདན་འདྲེན་བྱས།  འགོ་གཙོ་ཚེ་རིང་དོན་གྲུབ་ཀྱིས་ཐོག་མར་གསོ་སྦྱོང་ལ་ཕེབས་པའི་མི་སྣས་འོ་མའི་བརྟག་དཔྱད་ལག་ལེན་ལ་དངོས་སུ་གཟིགས་ཞིབ་བྱས་ནས་སྦྱོང་བརྡར་འཛིན་གྲྭར་ཕེབས་ཡོད་པའི་མི་སྣའི་སློབ་སྦྱོང་གི་འབྲས་བུ་ལ་ཡིད་ཚིམས་པའི་བསྟོད་བསྔགས་བྱས། དེ་མིན་སྐབས་འདིའི་སྦྱོང་བརྡར་ལ་གདེང་འཇོག་དང་རྒྱབ་སྐྱོར་བྱེད་མཁན་གྱི་ཡུལ་ཚོ་སྲིད་གཞུང་དང་མཉམ་སྒྲུབ་ཚོང་སྡེ། མཐུན་གཉེར་ཁང་བཅས་ལ་རིམ་བཞིན་བསྔགས་བརྗོད་བྱས།   དེང་སྐབས་སྲིད་ཇུས་ཀྱི་དགོངས་དོན་དང་འབྲེལ་ནས་སྐྱེ་ཁམས་ཕྱུགས་ལས་ཐོན་སྐྱེད་བྱེད་སྟངས་དང་འབྲོག་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་འགྲེལ་བ། མཉམ་འབྲེལ་དཔལ་འབྱོར་གྱི་ཁྱད་ཆོས་དང་ཕན་འབྲས། དེ་ནི་མ་འོངས་ཚོང་ལས་ཀྱི་འཕེལ་ཁ་དང་རྣམ་པ་བཅོས་བསྒྱུར་བྱེད་ཐུབ་པའི་ཐབས་ལམ་གཙོ་བོ། མཉམ་འབྲེལ་དཔལ་འབྱོར་ཁྲོད་ཁེ་ལས་ཀྱི་འགན་འཁྲི་དང་ཡིད་རྟོན་སྲུང་དགོས་ཚུལ། ལྷག་པར་དུ་ཁེ་ལས་བདག་གཉེར་པའི་འོས་འགན་དང་དམ་ཚིག་བརྩི་དགོས་ཚུལ་སོགས་ནས་གཏམ་བཤད་གྱ་ནོམ་པ་ཞིག་བྱས། མཇུག་ཏུ་ཆུ་ཐིགས་བསགས་ནས་རྒྱ་མཚོ་འཁྱིལ་ཞེས་སྐབས་འདིའི་ཟབ་ཞུགས་མི་སྣ་དང་གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་ལས་བཟོ་བ་ཡོངས་ལ་རྒྱུན་འཁྱོངས་ཀྱིས་དཔལ་འབྱོར་གཉེར་རྒྱུ་ཞེས་སྐུལ་མ་གནངས་སོང་།  

མགོ་ལོག་ཁུལ་ཕྱུགས་ལས་ཅུས་འགོ་གཙོ་ཚེ་རིང་དོན་གྲུབ་ཀྱིས་གཏམ་བཤད་གནང་བ།


འགོ་ཁྲིད་རྣམས་ཀྱིས་དཔང་ཡིག་གནང་བཞིན་པ།


ཕུལ་བྱུང་སློབ་མ་དང་འགོ་ཁྲིད་རྣམས་ཀྱིས་མཉམ་པར་བསྐྱོན་པ།

འོ་མའི་གྲུབ་ཆར་བརྟག་དཔྱད་བྱས་པའི་གྲུབ་འབྲས་སྙན་ཞུ་འབུལ་བཞིན་པ།

ཚོགས་འདུའི་ཡུལ་ངོས་ཀྱི་རྣམ་པ།

གསར་འགྱུར་མཁོ་སྤྲོད་པ།  པདྨ་མཁའ་འགྲོ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-06-30 ལྟ་ཀློག (6683)