མང་རྫོང་དུ་ས་གནས་ཐོན་མིའི་སློབ་ཚོགས་ཀྱི་མ་རྐང་འཇོག་པའི་ཚོགས་འདུ་བསྡུས་པ།

མང་རྫོང་དུ་ས་གནས་ཐོན་མིའི་སློབ་ཚོགས་ཀྱི་མ་རྐང་འཇོག་པའི་ཚོགས་འདུ་བསྡུས་པ།

  ༢༠༡༧ ལོའི་སྤྱི་ཟླ་༦ པའི་ཚེས་༢༤ ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མང་རྫོང་ཐོན་མིའི་སློབ་ཚོགས་ཀྱི་སྤྱི་ཕན་ཁེ་ལས་ཚོགས་འདུ་སྐབས་གསུམ་པ་མཚོ་ལྷོ་ཁུལ་མང་རྫོང་གི་གཟའ་ཉི་མའི་ཁྱིམ་ཚང་དཔེ་ཀློག་ལས་ཤག་ཏུ་བསྡུས་ཤིང་། ཚོགས་ཐོག་ཏུ་ས་གནས་སོ་སོ་ནས་ཆེད་ཕེབས་ཀྱི་སློབ་གྲོགས་རྣམས་ཀྱིས་རང་རང་གི་འདོད་མོས་ལྟར་བཞག་པའི་ཐོན་མིའི་ཤེས་རིག་ཁ་པར་ཆེད་ཚོང་གི་མ་རྐང་བསྡུ་ལེན་བྱས་ཤིང་། ཕན་ཚུན་བར་གན་རྒྱ་བཞག་ནས་ཚད་ལྡན་གྱི་འགྲོ་ལུགས་ལག་བསྟར་བྱས་ཏེ་མ་རྐང་འཇོག་པའི་དུས་ཡུན་མཇུག་བསྡུས་པ་དང་།  ཚོང་ལས་དོ་དམ་བྱེད་ཕྱོགས་དང་ལས་ཞུགས་མི་སྣའི་སྒྲིག་གཞིའི་སྐོར་ཞིབ་ཚགས་སྒོས་གཏན་འཁེལ་བྱས་པ།     མི་རིང་བར་གསར་དུ་ཚོང་སྒོ་ཕྱེ་འཆར་ཡོད་པའི་ཐོན་མིའི་ཤེས་རིག་ཁ་པར་ཆེད་ཚོང་ཁང་གི་དབུ་འབྱེད་མཛད་སྒོའི་སྔོན་འགྲོའི་ཆ་རྐྱེན་ལག་བསྟར་བྱེད་ཕྱོགས་སྐོར་ལ་གྲོས་ཀ་རབ་དང་རིམ་པ་གནང་ཞིང་། སློབ་ཆེན་སློབ་མ་དང་དབུལ་ཕོངས་ཁྱིམ་ཚང་། དབང་བོ་སྐྱོན་ཅན་སོགས་ལ་སྤྱི་ཕན་ཁེ་ལས་ཀྱི་ལམ་དུ་དམིགས་བསལ་ཞབས་འདེགས་ཞུ་རྒྱུ་དང་། སློབ་གྲོགས་རྣམས་མཉམ་འབྲེལ་གྱིས་དཔུང་རྡང་གཅིག་ཏུ་སྦྲེལ་ནས་དུས་རབས་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་ཤིང་ས་གནས་མང་ཚོགས་ལ་ཁེ་ལས་ཀྱི་ལམ་དུ་ཞབས་འདེགས་ཞུ་རྒྱུའི་གྲོས་འཆམ་བྱུང་བ་སོགས་མ་རྐང་འཇོག་པའི་ཚོགས་འདུ་བདེ་བླག་ངང་མཇུག་བསྡུས།

ཚོགས་གཙོ་སྙིང་ལྕགས་རྒྱལ་གྱིས་ཚོགས་འགོ་འཛིན་པ།

ཚོགས་གཙོ་གཞོན་པ་གཟི་མིག་གསུམ་པས་གྲོས་ཆོད་ཡི་གེ་གསལ་བསྒྲགས་བྱེད་བཞིན་པ།

ཚོང་བྱེད་ཕྱོགས་ཐད་གྲོས་ཀ་གནང་བ།

ཚོགས་ཞུགས་མི་སྣས་གཏམ་བཤད་ལ་ཉན་པ།

གྲོས་ཆོད་གན་རྒྱ་འཇོག་པ།

གྲོས་ཆོད་གན་རྒྱ་འཇོག་པ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-06-24 ལྟ་ཀློག (3917)