གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།

༄༅།། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།
  ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པའི་ཚེས་བདུན་ཉིན་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་ཟླ་རེའི་འཆར་གཞི་ལྟར་སྐབས་བཅུ་གསུམ་པའི་ཕྱོགས་གླང་རིགས་པའི་བརྒལ་བརྟག་རང་སློབ་གྲྭའི་དགྱེས་འཛོམས་ཚོམས་ཆེན་ཁང་ནས་གཙོ་སྒྲུབ་གནང་ཞིང་། བོད་སྐད་ཡིག་སྡེ་ཁག་གི་འགོ་བ་དམེ་ཚང་ཨ་ལགས་གཙོ་བྱས་པའི་བོད་ཡིག་སྡེ་ཁག་གི་དགེ་རྒན་སྐོར་ཞིག་གིས་དཔྱད་འདེམ་བྱས། བརྒལ་བརྟག་ལ་ཞུགས་པའི་རིགས་སློང་བ་ཚོའི་རྩོད་པའི་རིགས་ལམ་དང་རྩོད་པའི་རྣམ་འགྱུར། སྐད་གསེང་མཐོ་དམའ། གོན་པ་གྱོན་སྟངས་སོགས་དང་། དམ་བཅའ་བའི་སྙིང་སྟོབས། ཁས་ལེན་བརྟན་མིན།  སྐད་གསེང་མཐོ་དམའ། གོན་པ་གྱོན་སྟངས་སོགས་ཀྱི་ཐད་ལ་དཔྱད་འདེམ་གནང་། ཐེངས་འདིའི་བརྒལ་བརྟག་སྟེང་དམའ་འབྲིང་རིམ་པའི་ཨང་དང་བོ་རྟོག་གེའི་སེང་ཁྱིམ་འཛིན་གྲྭའི་སྒྲོལ་མ་སྐྱིད་དང་ཨང་གཉིས་པ་འཇིགས་མེད་བློ་གསལ་རུ་དཔུང་གི་པད་མ་ལྷ་མོ། ཕུལ་བྱུང་དམ་བཅའ་བ་ཕ་སྐད་གསོང་བརྗོད་འཛིན་གྲྭའི་དབང་ཆེན་སྒྲོལ་མ་བཅས་ཡིན། སློབ་ཆུང་རིམ་པའི་ཨང་དང་བོ་ལྷག་དཀར་ཀུན་སྤྱོད་འཛིན་གྲྭའི་སྟོང་ཉིད་དང་ཨང་གཉིས་པ་མཚོ་བྱུང་ངག་རིག་འཛིན་གྲྭའི་རྟ་མགྲིན་མཚོ། ཕུལ་བྱུང་དམ་བཅའ་བ་རེ་བའི་མེ་དཔུང་འཛིན་གྲྭའི་ཚེ་འཚམས་བཅས་ཡིན། ཕ་སྐད་གསོང་བརྗོད་འཛིན་གྲྭ་དང་རེ་བའི་མེ་དཔུང་འཛིན་གྲྭ་གཉིས་ལ་ཕུལ་བྱུང་འཛིན་གྲྭའི་བྱ་དགའ་ཐོབ། བརྒལ་བརྟག་སྟེང་དུས་རྒྱུན་ཁ་སྐོར་སྐབས་ཀྱི་རྩོད་པའི་རྒྱལ་ཕམ་སྤྱི་སྡོམ་བྱས་ཤིང་རྟོག་གེའི་སེང་ཁྱིམ་འཛིན་གྲྭ་དང་ལྷག་དཀར་ཀུན་སྤྱོད་འཛིན་གྲྭ་གཉིས་ལ་རྩེར་སོན་འཛིན་གྲྭའི་གཟེངས་རྟགས་གནང་ཞིང་དགེ་རྒན་བློ་བཟང་ཚེ་རིང་གིས་དཔྱད་འདེམ་པ་དག་གི་ཚབ་བྱས་ཏེ་ཐེངས་འདིའི་བརྒལ་བརྟག་ལ་ཕྱོགས་ཡོངས་ནས་སྤྱི་སྡོམ་གནང་བ་དང་། འགྲན་ཞུགས་པ་དག་གི་སྤོབས་པ་དང་ཁ་ལྕེ། རྣམ་དཔྱོད་སོགས་ལ་ཚད་མཐོ་བའི་གདེངས་འཇོག་གནང་། མཇུག་མཐར་བྱ་དགའ་ཐོབ་པའི་འཛིན་གྲྭ་དང་སློབ་བུ་དག་ལ་བྱ་དགའ་གནང་བ་དང་ལྷན་དུ་མཇུག་བསྡུས།

དཔྱད་འདེམ་པའི་དཔུང་སྡེ། 


དམའ་འབྲིང་དམ་བཅའ་བ། 


སློབ་ཆུང་སློབ་མས་རྟགས་གསལ་གཏོང་བཞིན་པ།  


བོད་ཡིག་སྡེ་ཁག་གི་འགོ་བ་དམེ་ཚང་ཨ་ལགས་ཀྱིས་བྱ་དགའ་གནང་བཞིན་པ།  


དགེ་རྒན་སྨར་ཁམས་དམ་ཆོས་ཀྱིས་གཏམ་བཤད་བཞིན་པ།


དགེ་རྒན་བློ་བཟང་ཚེ་རིང་གིས་བརྒལ་བརྟག་མཇུག་སྒྲིལ་བཞིན་པ།  

དགྱེས་འཛོམས་ཚོམས་ཆེན་ཁང་། 


བྱ་དགའ་ཐོབ་པའི་སློབ་བུ་དག་དང་དཔྱད་འདེམ་པ་ཚོའི་མཉམ་པར། 

 གསར་འགོད་པ། དཀར་མོ་ཡེ་ཤེས། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2017-06-09 ལྟ་ཀློག (5348)