མ་ཡུམ་སློབ་གྲྭའི་རི་འཛེགས་བྱ་འགུལ།

མ་ཡུམ་སློབ་གྲྭའི་རི་འཛེགས་བྱ་འགུལ།

   ༢༠༡༧ལོའི་སྤྱི་ཟླ་༥བའི་ཚེས་༢༢ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་མཉམ་འཛོམས་ཀྱིས་ལུས་ཕུང་སྦྱོང་བརྡར་གྱི་ཕྱིར་དུ་རི་འཛེགས་བྱ་འགུལ་རེ་སྤེལ་བ།   དེ་རིང་ཞོགས་པའི་ཉི་ཟེར་དང་འགྲོགས་ཏེ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བྱེད་པོ་དམ་པའམ་སློབ་གཙོ་༧རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གཙོས། དགེ་རྒན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་དང་དགེ་རྒན་ཤེས་རབ་བསྟན་དར་སོགས་ད་ལྟ་སློབ་གླིང་དུ་བཞུགས་བཞིན་པའི་དགེ་རྒན་ཐམས་ཅད་དང་། གླིང་སྟོད་སྨད་གཉིས་ཀྱི་སློབ་མ་སྟོང་ཕྲག་ལྷག་དང་ལས་བཟོ་བ་བཅས་དགེ་སློབ་ཡོངས་རྫོགས་དགའ་སྤྲོ་དང་དགོད་སྒྲས་ཁེངས་བཞིན་ཁྱུང་མགོན་རི་རྩེར་འཛེགས། ལམ་བར་དུ་བཀྲ་ཤིས་བླ་སྒང་ནས་མི་རིགས་ཡུལ་སྲོལ་རིག་གནས་ཀྱི་ནང་ཚན་དཀར་ཕྱོགས་སྐྱོང་བའི་གནས་བདག་ལ་ལྷ་བསང་གཏོང་བའི་བྱ་འགུལ་སྤེལ་བ་མ་ཟད་དགེ་སློབ་ཡོངས་ཀྱི་ཀི་སྒྲས་ས་ཆེན་སྒུལ་བར་བྱས།  རི་སྐེད་ནས་སྤྲོ་གསེང་གཏོང་བཞིན་རིག་རྩལ་གྱི་བྱ་འགུལ་སྣ་ཚོགས་སྤེལ་བས་དགེ་སློབ་ཡོངས་རྫོགས་ཡིད་མགུ་བར་བྱས། 

རི་འཛེག་སྤྲོ་གསེང་བྱ་འགུལ་གྱི་ཡུལ་ངོས།

ལམ་བར་གྱི་སྤྲོ་གསེང་བྱ་འགུལ།

ལམ་བར་གྱི་སྤྲོ་གསེང་བྱ་འགུལ།

རི་སུལ་གྱི་གསོལ་སྟོན་ཆུང་ཆུང་།

རོལ་དབྱངས་དང་འདྲེས་པའི་གླུ་སྐད།

ལས་བར་གྱི་སྤྲོ་གསེང་བྱ་འགུལ།

གསར་འགོད་པ་གཡོན་གཞིས་ཁྲོ་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-05-23 ལྟ་ཀློག (4795)