རྩྭ་ཐང་བུ་མོའི་སློབ་རའི་གསར་འགྱུར།

རྩྭ་ཐང་བུ་མོའི་སློབ་རའི་གསར་འགྱུར།

    ༄༅།། དེ་རིང་སྟེ་ཉིས་སྟོང་བཅུ་བདུན་ལོའི་ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་བྱེད་པོ་དམ་པ་སློབ་དཔོན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་སློབ་གྲྭར་ཕེབས་ནས་སློབ་གྲྭའི་དགེ་སློབ་ཡོངས་ལ་རང་སློབ་གྲྭའི་རྒྱས་འཛོམས་ཚོམས་ཆེན་ཁང་ནས་ཐོན་མིའི་སློབ་གསོ་དང་། ཐོན་མིའི་ལོ་རྒྱུས་དང་འབྲེལ་བའི་བོད་མི་རིགས་ཀྱི་སྲོལ་རྒྱུན་སློབ་གསོའི་དགོངས་དོན་དང་ལག་ལེན་སྐོར་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཕྱག་ལེན་གནང་བའི་སློབ་གསོའི་དམིགས་ཡུལ་དང་ཁ་ཕྱོགས་ཐད་ནས་སེམས་ཀྱི་བདུད་རྩི་ལྟ་བུའི་གསུང་བཤད་རྒྱས་པར་བསྩལ། ཕྱི་དྲོའི་གུང་གསེང་སྐབས་དམ་པ་ཁོང་དང་སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་། སློབ་གཙོ་གཞོན་པ་སོག་རུས་འབྲུག་འབུམ་རྒྱལ། སློབ་གཙོ་གཞོན་པ་འཇམ་དཔལ་རྣམ་འཇོམས་སོགས་ད་ལོའི་མཐར་ཕྱིན་འཛིན་གྲྭ་དང་ལྷན་དུ་ཀིརྟི་སྐུ་ཕྲེང་གསུམ་པ་བསྟན་པ་རབ་རྒྱས་ཀྱི་སྒྲུབ་གནས་གནས་རི་བྱིན་ཅན་ཨ་མྱེ་ཀེ་ཐོ་རི་བོར་སྐོར་ར་ཕེབས།

སློབ་གླིང་འདིའི་བྱེད་པོ་ཁོང་གིས་འཆད་ཁྲིད་བྱེད་བཞིན་པ།

སློབ་མས་འཆད་ཁྲིད་ལ་ཉན་བཞིན་པ།

དམ་པ་ཁོང་མཐར་ཕྱིན་སློབ་མ་ཚོ་དང་ལྷན་དུ་ཨ་མྱེ་ཀེ་སྐོར་ལ་ཕེབས་པ།

རི་གཟར་གྱི་སྐོར་ལམ།

དམ་པ་ཁོང་དང་ད་ལོའི་མཐར་ཕྱིན་འཛིན་གྲྭའི་དགེ་སློབ་མཉམ་པར།

གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ་དཀར་མོ་ཡེ་ཤེས།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-05-18 ལྟ་ཀློག (6793)