བོད་ཀྱི་མེ་ལོང་རི་མོའི་སྒྱུ་རྩལ་རྒྱལ་སྤྱིའི་འགྲེམས་སྟོན་སྟེང་ཞུགས་པ།

བོད་ཀྱི་མེ་ལོང་རི་མོའི་སྒྱུ་རྩལ་ཐེན་ཅིན་རྒྱལ་སྤྱིའི་འགྲེམས་སྟོན་སྟེང་ཞུགས་པ།

མེ་ལོང་རྩོམ་སྒྲིག་པ་རོང་ཚང་ཀླུ་རྒྱལ་ཐེན་ཅན་གྲོང་ཁྱེར་དུ་འབྱོར་བ།

    ༢༠༡༧ལོའི་སྤྱི་ཟླ་༥བའི་ཚེས་༡༢ཉིན་བོད་ཀྱི་རི་མོའི་ལོ་དེབ་ཐོག་མ་མེ་ལོང་རྩོམ་སྒྲིག་ཁང་གི་རི་མོའི་སྒྱུ་རྩལ་སྐོར་ཞིག་ཀྲུང་གོའི་ཐེན་ཅིན་གྲོང་ཁྱེར་དུ་རྒྱལ་སྤྱིའི་ཐོན་རྫས་འགྲེམས་སྟོན་སྟེང་ཞུགས། ༢༠༡༧ ལོའི་སྤྱི་༤་བའི་ཚེས་༡༤ཉིན་མདོ་སྨད་གཅན་ཚ་རྫོང་མི་དམངས་སྲིད་གཞུང་དང་རྫོང་དཔལ་འབྱོར་སྡེ་ཁག་གཉིས་ཀྱིས་གཙོ་སྒྲུབ་བྱས་འོག་གཅན་ཚ་ཧི་མ་ལ་ཡ་རིག་གནས་གྲོང་དུ་འདུས་སྡོད་བྱས་ཡོད་པའི་མཐུན་གཉེར་ཁང་སོགས་གཅན་ཚ་རྫོང་ཁོངས་ཀྱི་མཐུན་གཉེར་ཁང་སུམ་བཅུ་ལྷག་གི་ཁྲོད་བདམས་ཐོན་བྱུང་བ་བརྒྱུད་མེ་ལོང་རིག་གནས་སྒྱུ་རྩལ་ཚད་ཡོད་མཐུན་གཉེར་ཁང་གིས་རྩོམ་སྒྲིག་བྱས་པའི་མེ་ལོང་རི་མོའི་སྒྱུ་རྩལ་བརྩམས་ཆོས་ཁྲོད་ཀྱི་ཐང་ག་དང་ཡིག་གཟུགས ། རི་མོ་སོགས་སྤྱི་ཟླ་༥་ཚེས་༡༢་ནས་ཚེས་༡༧ བར་གྱི་ཉིན་དྲུག་རིང་འགྲེམས་སྟོན་བྱས་ཏེ་གཟིགས་མོ་ཁྲི་སྟོང་མང་བོའི་སྤྱན་ལམ་དུ་བསྟར་པར་མ་ཟད། མཚོ་སྔོན་མེ་ལོང་རིག་གནས་ཁྱབ་སྤེལ་ཚད་ཡོད་མཐུན་གཉེར་ཁང་ལ་ཆེད་དུ་གནང་བའི་རྒྱལ་སྤྱིའི་གར་སྟེགས་ཆུང་ཆུང་དེའང་རང་ཉིད་ཁོ་ནས་བདག་བཟུང་མ་བྱས་པར་ལྷ་རིས་པ་གྲགས་ཅན་རྒན་གཟུངས་འབུམ་སོགས་ཀྱིས་བྲིས་པའི་ཐང་ག་དང་།  རི་མོ་བ་གྲགས་ཅན་བསྟན་འཛིན་སྒྲོལ་མ་དང་ལེགས་སྨོན། འཇུ་བཀྲ་ཤིས་བཟང་བོ།  གཡས་ཚུལ་ཁྲིམས་ཉི་མ།   རྒུ་སྲས་སྐལ་བཟང་ཉི་མ། ཁ་རྒྱའི་ཀུ་ལ་ཡག་སོགས་ཀྱིས་བྲིས་པའི་རི་མོ་སྣ་ཚོགས །  ཡིག་མཁན་གྲགས་ཅན་རྒན་བསྟན་ཁོ་དང་ལྕང་སྐྱེས་རྟ་མགྲིན། ཟུར་ཚང་གཡང་འབུམ། འབྲུ་ཚ་བཀྲ་ཤིས་རྡོ་རྗེ་སོགས་ཀྱིས་བྲིས་པའི་ཡིག་གཟུགས་སྣ་ཚོགས་གཙོ་བྱས་ཏེ་སྒྱུ་རྩལ་ལ་དགའ་མོས་ཡོད་པའི་བོད་ཀྱི་ན་གཞོན་སྒྱུ་རྩལ་པ་དག་གི་སྒྱུ་རྩལ་བརྩམས་ཆོས་སྣ་ཚོགས་འགྲེམ་སྟོན་གྱི་གོ་སྐབས་སྤྲད་པར་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་དབྱི་ཀྲི་དང་ཐེན་ཅིན་གྲོང་ཁྱེར་གྱི་འགོ་གཙོ་སོགས་ཆེད་ཕེབས་ཀྱིས་གཟིགས་ཞིབ་གནང་སྟེ་བསྔགས་བརྗོད་གནང་།   ཐེངས་འདིར་ཨ་རི་དང་ཁ་ན་ཏ་སོགས་རྒྱལ་ཁབ་མི་འདྲ་བཞི་བཅུ་ལྷག་གི་ཐོན་རྫས་མང་བོ་འགྲེམས་སྟོན་དུ་ཞུགས་ཡོད།

ཐེན་ཅིན་རྒྱལ་སྤྱིའི་འགྲེམ་སྟོན་ཁང་།

མེ་ལོང་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན།

མེ་ལོང་སྒྱུ་རྩལ་ལས་ཐང་ག་དང་རི་མོའི་སྐོར།

མེ་ལོང་སྒྱུ་རྩལ་འགྲེམས་སྟོན་ཡུལ་ངོས།

མེ་ལོང་བརྩམས་ཆོས་འགྲེམས་སྟོན་ཡུལ་ངོས།

འགོ་ཁྲིད་ཀྱིས་གཟིགས་ཞིབ་གནང་བཞིན་པ།

འགོ་ཁྲིད་ཀྱི་གཟིགས་སྐྱོང་།

 

རྒྱལ་ཕྱི་ནང་གི་གཟིགས་མོ་བའི་ཟུར་ངོས་ཤིག

ཡིག་གཟུགས་དང་རི་མོ་འགྲེམས་སྟོན།

མཛེས་པའི་མང་རྫོང་ཞེས་པའི་ཡིག་གཟུགས་གསེར་བྲིས་མ།

མེ་ལོང་སྒྱུ་རྩལ་གྱི་རྐང་འཛིན་པ་ལྷ་རིས་པ་གྲགས་ཅན་རྒན་གཟུངས་འབུམ་ལགས་ཀྱིས་ཡུལ་ངོས་སུ་ཐང་ག་འབྲི་བཞིན་པ།

བོད་མི་ལྷག་བསམ་ཅན་ཚེ་རིང་དོན་འགྲུབ་ལགས་ཀྱིས་ཟས་མཆོག་སྦྲང་དཀར་རྩམ་པ་འོས་སྦྱོར་གནང་བཞིན་པ།

འགོ་ཁྲིད་ཀྱི་རྒྱབ་སྐྱོར་གནང་བ།

རྫོང་དཔོན་ཀྲང་ལིས་དང་ཧྲུའུ་ཅི་གཉིས་གཟིགས་ཞིབ་ཏུ་ཕེབས་པ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-05-16 ལྟ་ཀློག (4486)