རྭ་རྒྱའི་སློབ་གྲྭའི་༼རྨ་རྒྱལ་མྱུག་གསར་༽གྱི་བརྡ་སྦྱོར།

ཤེས་རིག་ནོར་བུའི་སློབ་གླིང་གི་༼རྨ་རྒྱལ་མྱུག་གསར་༽གྱི་བརྡ་སྦྱོར་འདི་མཐར་ཕྱིན་འཛིན་གྲྭ་དང་བརྩམས་ཆོས་ཡོད་པའི་སློབ་གྲོགས་དག་ལ་འཕྲོད་དགོས།

      གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་རྩོམ་སྒྲིག་ཚན་ཆུང་སྐབས་ཉེར་གཅིག་པས་རང་སློབ་གྲྭའི་མཐར་ཕྱིན་སློབ་མའི་རྩོམ་དེབ་དཔེ་ཚོགས་ལ་དཀར་ཆག་བསྒྲིགས་ཏེ་ ༼རྨ་རྒྱལ་མྱུག་གསར༽གྱི་སྤྱིའི་དེབ་གྲངས་༼༡༦༽སྟེང་དགོད་འཆར་ཡོད།

      འོན་ཀྱང་དཔེ་དེབ་མང་བོ་ཞིག་ལག་ཏུ་སོན་དཀའ་བས་སློབ་གྲྭའི་དཔེ་ཚོགས་ཀྱི་ཁོངས་སུ་གཏོགས་པའི་འཛིན་གྲྭའི་དཔེ་དེབ་དང་སྒེར་གྱི་ཆེད་དེབ་སྤེལ་མྱོང་བ་དག་གིས་སོ་སོའི་དེབ་ཀྱི་ཁ་བྱང་དང་དཔར་ལོ། དཔེ་ཚོགས་སྤྱིའི་དེབ་གྲངས་དུ་ཡིན་པ་བཅས་གཤམ་གྱི་འཕྲིན་ལམ་དག་བརྒྱུད་དེ་ཕྱི་ཟླ་༥བའི་ནང་ལ་ངེས་པར་བསྐུར་རྒྱུ་མཁྱེན།

   སྐད་འཕྲིན། 516673319
2096116467
ཁ་པར།  18609751376
ཡིག་ཟམ།1963230554@qq.com


ཞེས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་༢༠༡༧ལོའི་རྨ་རྒྱལ་མྱུག་གསར་རྩོམ་སྒྲིག་ཚན་ཆུང་གིས།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2017-05-13 ལྟ་ཀློག (7248)