ཀྲུང་གོའི་ཁེ་ལས་པ་གྲགས་ཅན་མཱ་ཡོན་གྱི་དཔལ་འབྱོར་རིག་པའི་ལྟ་ཚུལ།

དཔལ་འབྱོར་རིག་པ།

མ་ཡོན་གྱིས་རང་གི་བུ་ལ་བསྐུར་བའི་འཕྲིན་ཡིག་ཅིག  ངས་བརྗེད་ཐོ་འདི་བྲིས་ནས་ཁྱོད་ལ་བསྐུར་དོན་ནི་ཁྱོད་ཀྱིས་རྩ་དོན་གསུམ་ལ་བརྟེན་ནས་ཤེས་དགོས་པས་ཡིན།

 ༡༽ མི་ཚེ་ཡི་དར་རྒུད་ནི་མི་རྟག་པ་སྟེ། སུས་ཀྱང་རང་ཉིད་ཅི་ཙམ་གྱི་བར་དུ་འཚོ་ཐུབ་པ་ནི་མི་ཤེས་པས།བྱ་བ་འགའ་རེ་སྔུན་ཙམ་ནས་བཤད་ན་དགའ།

༢༽ ང་ནི་ཁྱོད་ཀྱི་ཨ་ཕ་སྟེ། ངས་ཁྱོད་ལ་མ་བཤད་ན། སུ་ཞིག་གིས་ཀྱང་ཁྱོད་ལ་བཤད་མི་སྲིད།

༣༽ བརྗེད་ཐོ་འདི་རུ་བཀོད་པ་རྣམས་ནི་ངས་ཕམ་ཁའི་ཟུག་རྔུ་ཆེན་པོར་བརྒྱུད་ནས་ཐོབ་པའི་མྱོང་ཚོར་ཡིན་པས།ཁྱོད་ཀྱི་འཚར་ལོངས་ཁྲོད་གྱོང་འཁེལ་གྱི་ལམ་བུ་མང་པོ་ཞིག་ནས་ཕྱིར་ཡོལ་བྱེད་ཐུབ།

འོག་ཏུ། ཁྱོད་ཀྱིས་མི་ཚེའི་ནང་ཡིད་ལ་དམ་དུ་ངེས་དགོས་པའི་བྱ་བ་རྣམས་ཡིན་ཏེ།

༡༽ མི་ཞིག་གིས་ཁྱོད་རྩིས་མེད་དུ་བྱས་ཀྱང་དེ་སེམས་སུ་འཛིན་མི་རུང་། ཚེ་འདིར་ཁྱོད་ཀྱི་ཕ་མ་གཉིས་མ་གཏོགས་གཞན་སུ་ལའང་ཁྱོད་ལ་ཡག་པོ་བྱེད་དགོས་པའི་འོས་འགན་མེད།རང་ལ་དྲིན་པའི་མི་དེར་བཀའ་དྲིན་དང་གཅེས་སུ་འཛིན་དགོས།

༢༽ འཇིག་རྟེན་འདིར་ཚབ་བྱེད་མི་ཐུབ་པའི་མི་ནི་གཅིག་ཀྱང་མེད་ལ། ངེས་པར་དུ་རང་ལ་དབང་དགོས་པའི་དངོས་པོ་ཞིག་ཀྱང་མེད།འདི་ཙམ་ཞིག་རྟོགས་སོང་ན། རྗེས་ཕྱོགས་འཇིག་རྟེན་འདི་ལས་ཆེས་དགའ་བ་ཡོད་ཚད་ཤོར་སོང་ན་ཡང་། འདི་ནི་དོན་དག་ཆེ་ཞིག་མ་རེད།

༣༽ མི་ཚེ་ནི་ཡུན་ཐུང་སྟེ། གཅིག་བྱས་ན་དེ་རིང་ད་དུང་ཡང་མི་ཚེ་སྟོང་ཟད་བྱེད་བཞིན་ཡོད་ནའང་ཐང་།རེད་དེ་སང་ཉིན་ཚེ་སྲོག་རང་ཉིད་ལས་རང་དུ་འདས་སོང་བ་ཤེས་སྲིད། དེ་བས། ཚེ་སྲོག་ལ་རྩིས་མཐོང་སྔ་ཙམ་ནས་བྱས་ན། ཁྱོད་ཀྱིས་ལོངས་སུ་སྤྱོད་པའི་ཚེ་སྲོག་ཀྱང་དེ་ཙམ་གྱིས་རིང་། ཚེ་རིང་པོར་རེ་ལྟོས་འཆའ་བ་ལས་སྔུན་ཙམ་ནས་མྱོང་རོལ་བྱས་ན་དེས་དགའ།

༤༽ བརྩེ་དུང་ནི་ཚོར་སྣང་ཞིག་ཡིན་ལ། ཚོར་སྣང་འདི་ནི་དུས་དང་སེམས་བྱུང་ལ་བརྟེན་ནས་འགྱུར་སྲིད།གལ་སྲིད་ཁྱོད་ཀྱིས་བརྩེ་བ་དྭངས་མར་འཇོག་པའི་མི་དེ་ཁྱོད་ལས་བྲལ་སོང་ན། འཚེར་སྣང་མེད་པའི་ངང་ནས་རང་དང་འཚམ་པའི་བརྩེ་བ་དེ་བསྒུག་དགོས་ལ།དུས་དང་བསྟུན་ནས་ནང་སེམས་ལྷོད་ལ་བབས་པར་བྱས་ན་སྐྱོ་བ་ཉུང་དུ་འགྲོ། བརྩེ་དུང་གི་མཛེས་སྡུག་ལ་ཐལ་ཆེ་བའི་ཡིད་སྨོན་མི་བྱ་ཞིང་། འབྲལ་བ་ཡི་སྐྱོ་བ་ལ་སྒྲོག་གིས་མི་བཟོད་པར་ཡང་མི་བྱ།

༥༽ གྲུབ་འབྲས་ཅན་གྱི་མི་མང་པོ་ཞིག་གིས་སློབ་གསོ་མང་པོ་མྱོང་ཐུབ་མེད་ན་ཡང་། དེས་ཁྱོད་ཀྱིས་སློབ་སྦྱོང་ལ་བརྩོན་པ་བྱེད་མི་དགོས་པར་རྒྱལ་ཁ་ཐོབ་ཡོང་བར་མི་བསྟན། ཁྱོད་ཀྱིས་ཤེས་པའི་ཤེས་བྱ་དེ་ནི་ཁྱོད་ལ་དབང་བའི་རྒྱལ་ཁའི་ལམ་དུ་བགྲོད་པར་ཁུར་བའི་མཚོན་ཆ་ལྟ་བུ་ཞིག་ཡིན། མི་ཞིག་ལ་སྙིང་སྟོབས་ལྡན་ན་ལག་སྟོང་གིས་ཁྱིམ་གཞི་ཞིག་སྐྲུན་ཐུབ། འོན་ཀྱང་ལག་ཆ་གང་ཡང་མེད་པས་མིན། ཡིད་ལ་ཞོག

༦༽ ངས་རང་གི་ཚེ་མཇུག་ཁྱོད་ཀྱིས་འགན་འཁུར་དགོས་མི་ཟེར་ལ། ཁྱོད་ཀྱི་ཚེ་མཇུག་ཀྱང་ངས་འགན་འཁུར་མི་སྲིད། ཁྱོད་རང་འཚར་ལོངས་བྱུང་ནས་རང་མགོ་ཐོན་རྗེས་ངའི་འོས་འགན་རྫོགས་ཚར་བ་ཡིན། རྗེས་མར་ཁྱོད་རང་རྐང་ཐང་ལ་འགྲོ་བའམ་ཕེབ་ཁྲི་སྐོར་ནས་འགྲོ་བ་ནི་རང་གིས་འགན་ཁུར་དགོས། 

༧༽ ཁྱོད་ཀྱིས་གཞན་ཁ་དན་ཚིག་ལ་གནས་པར་བྱ་མི་ནུས་མོད་རང་གིས་བྱ་ཆོག་ལ། ཁྱོད་ཀྱིས་གཞན་ལ་ལེགས་པོ་བྱེད་ཆོག་མོད་གཞན་གྱིས་རང་ལ་ལེགས་པོ་བཟོ་བར་རེ་འདོད་བྱེད་མི་རུང་། ཁྱོད་ཀྱིས་གཞན་ལ་སྤྱོད་ཚུལ་ཅི་འདྲ་ཞིག་བཟུང་ན་གཞན་གྱིས་ཀྱང་དེ་ལྟར་བྱེད་ཡོང་བའི་ངེས་པ་མེད། གལ་ཏེ་འདི་ཙམ་ཞིག་མ་ཤེས་ན། དེ་ནི་དགོས་མེད་ཀྱི་སུན་སྣང་འཕེལ་བའི་རྒྱུ་ཙམ་དུ་ཟད། 

༨༽ ངས་ལོ་ངོ་ཉི་ཤུ་རྩ་དྲུག་ལ་རྒྱན་འཛིན་ཉོས་པ་ཡིན། འོན་ཀྱང་ཨང་རིམ་གསུམ་པའི་བྱ་དགའ་ཞིག་ཀྱང་ཐོབ་མ་མྱོང་། དེས་མི་ཞིག་ཕྱུག་པོར་འགྱུར་དགོས་ན་ད་རུང་ལས་དོན་ལ་བརྩོན་པ་བརྒྱག་དགོས་པ་མཚོན་ལ། འཇིག་རྟེན་འདིར་རིན་མེད་ཀྱི་ཟས་ཤིག་མེད་པ་ཡང་གོ་དགོས།

༩༽ གཉེན་ཉེའི་ལས་སྐལ་ནི་ཐེངས་ཤིག་ལས་མེད་ལ། ཚེ་འདིར་འུ་གཉིས་མཉམ་གནས་ཀྱི་དུས་ཡུན་རིང་ཐུང་ཅི་འདྲ་ཡང་།ལྷན་འཛོམས་ཀྱི་སྐལ་བ་ལ་གཅེས་འཛིན་ལྷག་ཏུ་བྱེད་དགོས། ཚེ་ཕྱི་མར། འུ་གཉིས་ཀྱི་དབར་བརྩེ་དུང་ལྡན་མིན་ཇི་ལྟར་ཡང་།བསྐྱར་དུ་འཕྲད་པ་ནི་ཤིན་ཏུ་ནས་ཀྱང་དཀའ།



མ་དངུལ་མེད་ཅིང་བྱ་བཞག་ཅིག་སྒྲུབ་པར་འདོད་པ་རྣམས་ལ་མ་ཡོན་ན་རེ།

སློབ་མ། སྤྱི་གཉེར་བ་མ་ཁམས་བཟང་། ངས་དངོས་ནས་བྱ་བཞག་ཅིག་གི་འགོ་རྩོམ་ན་འདོད། ཡིན་ནའང་ང་ལ་མ་དངུལ་གྱིས་མི་འདང་བས་ཅི་ཞིག་བྱས་ན་བཟང་།

མ་ཡོན། སློབ་གྲོགས་ཁྱོད་བདེ་མོ། ཐོག་མར་ངས་ཁྱོད་ལ་གལ་ཆེན་རང་བཞིན་གྱི་དྲི་བ་ཞིག་འདོན།ཁྱོད་ཀྱིས་རང་ཉིད་ཀྱི་བྱ་བཞག་ཅིག་བསྒྲུབ་འདོད་པ་ཙམ་ཡིན་ནམ།ཡང་ན་ངེས་བར་དུ་སྒྲུབ་དགོས་བའི་ཆོད་སེམས་བརྟན་པོ་ཞིག་ཡོད་པ་ཡིན།

སློབ་མ། ད་ལྟ་ང་ལ་མ་དངུལ་མེད་པས་འཚོ་བ་ཧ་ཅང་སྐྱོ་བོ་ཆགས་ཡོད་ལ། ཁྱིམ་མི་དང་གྲོགས་པོ་ཚོས་བརྩི་མཐོང་མི་བྱེད་པར་མ་ཟད།དགའ་རོགས་ཤིག་འཚོལ་བར་ཡང་དཀའ་ལས་འཕྲད་ཀྱི་ཡོད། དེ་བས་ངེས་བར་དུ་བྱ་བཞག་ཅིག་བསྒྲུབས་ནས་རང་ཉིད་འཇོན་པོ་ཞིག་ཡིན་པ་ར་སྤྲོད་བྱེད་བསམ་ཞིང་སྔར་ལས་ལྷག་པའི་ཡོང་འབབ་མང་བོ་ཞིག་བཙལ་ན་བསམ།ངས་དངོས་ནས་དེ་ལྟར་བསམ་ལ་ངེས་བར་དུ་དེ་ལྟར་བསྒྲུབ་དགོས་མོད། འོན་ཀྱང་ང་ལ་མ་དངུལ་མེད་་་་་་་

མ་ཡོན། སློབ་གྲོགས།ཁྱོའི་འདོད་བློ་ཧ་ཅང་གི་བརྟན་པོ་འདུགཁྱོས་ངེས་བར་དུ་དེ་ལྟར་བསྒྲུབ་རྒྱུ་ཡིན་ནམ།

སློབ་མ། ཡིན། ངས་ངེས་བར་དུ་བྱ་བཞག་ཅིག་བསྒྲུབ་དགོས་ཡོད།འོན་ཀྱང་བྱ་བཞག་ཅིག་སྒྲུབ་པའི་མ་དངུལ་མེད་པས་ཇི་ལྟར་བསྒྲུབ།

མ་ཡོན། ངས་ཁྱོད་ལ་ཡང་བསྐྱར་དྲི་བ་ཞིག་འདྲི།གལ་ཏེ་དེ་རིང་མི་ཞིག་གིས་བོའུ་མཆུ་ཁྱོད་ཀྱི་མགོར་གཏད་དེ་དངུལ་སྒོར་ཁྲི༣མ་སྤྲད་ཚེ་ཁྱོད་རང་གསོད་ངེས་ཡིན་ཞེས་བཤད་ན།འོན་ཀྱང་ཁྱོད་ཀྱི་ཨམ་ཕྲག་ནང་དུ་སྒོར་༡༠ཡི་ཟས་རིན་ལས་མེད་ཚེ། སློབ་གྲོགས་ཁྱོས་དངུལ་སྒོར་དེ་འཚོལ་ཐབས་བྱ་རྒྱུ་ཡིན་ནམ་ཚེ་སྲོག་འདོར་རྒྱུ་ཡིན།


སློབ་མ། ངས་་་་དེ་ངས་ཚེ་སྲོག་གདམས་ངེས་ཡིན། ཚེ་སྲོག་རྒྱུ་ནོར་ལས་གལ་ཆེན་རེད་མོ། 

མ་ཡོན། འོ་ན་ཁྱོད་ལ་དངུལ་སྒོར་ཁྲི་༣ ཡོད་དམ།


སློབ་མ། ཡོད་རེད། ཚེ་སྲོག་གལ་ཆེན་ཡིན་པས་ཁྲི་༥དགོས་ནའང་འཚོལ་ཐབས་བྱ་ངེས་ཡིན།

མ་ཡོན།འདིས་ཁྱོད་ཀྱི་འདོད་པའི་ཚད་དང་ངེས་བར་དུ་འདོད་པའི་ཚད་གཉིས་ལས་གང་ཞིག་གསལ་བཤད་བྱེད་ཐུབ་ཀི་རེད་དམ། 


སློབ་མ།  འདིས་ངའི་ངེས་བར་དུ་འདོད་པའི་ཆོད་སེམས་བརྟན་པོ་ར་སྤྲོད་བྱེད་ཐུབ་ཀི་རེད།

མ་ཡོན། སློབ་གྲོགས། འོ་ན་ད་ལྟ་ཁྱོད་ཀྱི་གནད་དོན་དེ་མ་དངུལ་མེད་པ་རེད་དམ་རང་ཉིད་ལ་ཆོད་སེམས་བརྟན་པོ་ཞིག་མེད་པས་རེད།


སློབ་མ། རྒན་གྱིས་མཛུབ་སྟོན་གནངས་བར་ཐུགས་རྗེ་ཆེ།རླབས་ཆེན་གྱི་མིའི་བསམ་བློ་དངོས་ནས་གཞན་དང་འདྲ་བོ་མི་འདུག ངའི་གྲོགས་པོ་ཚང་མས་བཤད་རྒྱུར།

༼མ་དངུལ་མེད་པར་རང་ཉིད་ཀྱི་བྱ་བཞག་ཅིག་བསྒྲུབ་རྒྱུ་ཁག་པོ་ཡིན་པས།ཐོག་མར་བརྟན་འཇགས་ཀྱི་བྱ་བ་ཞིག་བཙལ་ནས་རང་ཁ་གསོ་རྒྱུ་གལ་ཆེ་བ་ཡིན།རྗེས་ནས་མ་དངུལ་འཛོམས་ན་བྱ་བཞག་ཅིག་ལ་འདང་བརྒྱབ་ཆོག་ཟེར༽

མ་ཡོན། འཇིག་རྟེན་འདིའི་བརྒྱ་ཆའི་༩༠ཡན་གྱི་མི་ཕལ་བར་ཆགས་དགོས་པའི་རྒྱུ་མཚན་ནི་མ་དངུལ་མེད་པར་ཁག་བཀལ་བས་རེད། དེ་རིང་ང་ལ་མ་དངུལ་མེད་ཅེས་རང་སེམས་གསོས་ནས་གོ་སྐབས་དམ་འཛིན་མ་བྱས་པས་རེད།དེ་བས་མ་དངུལ་མེད་པ་ནི་ཚབས་ཆེ་བའི་ཁ་གཡོར་ས་ཞིག་རེད། གལ་ཏེ་ཁྱོད་ཀྱིས་ཟླ་རེར་དངུལ་སྒོར་༢༥༠༠གསོག་ཐུབ་པ་བྱས་ན། ལོ་གཅིག་ལ་དངུལ་སྒོར་ཁྲི་༣་རེད།ལོ་༡༠ཡི་ནང་དངུལ་སྒོར་ཁྲི་༣༠རེད། འོན་ཀྱང་ཁྱོད་ཀྱིས་འདང་བརྒྱབ་ཨེ་མྱོང་།མ་དངུལ་སྒོར་ཁྲི་༣༠ཡོད་པའི་སྐབས་འདིར་ཁྱོད་རང་སྔར་ལས་ཀྱང་བྱ་བཞག་ཅིག་བསྒྲུབ་པར་སྐྲག་པ་རེད། དེ་བས་ཁ་གཡོར་ས་གཞན་ཞིག་བཙལ་ངེས་ཡིན།དཔེར་ན།རང་ཉིད་ཀྱི་བྱ་བཞག་ཅིག་བསྒྲུབ་པ་ནི་ཚགས་ལྕི་ཞིང་ཉེན་ཁ་ཡང་ཆེ་བས།ལོ་བཅུའི་རིང་ལ་དཀའ་ངལ་གྱིས་བསོགས་པའི་དངུལ་སྒོར་ཁྲི་༣༠་བོ་ཡང་ཤོར་སོང་ན་ཇི་ལྟར་བྱ།དེ་ལས་སྐྱུར་བཞག་ན་དགའ་ཀི་བསམ་གྱི་རེད། རྒྱུ་མཚན་དེའི་དབང་གིས་བྱ་བཞག་ཅིག་བསྒྲུབ་འདོད་པའི་མི་རྣམས་ཀྱིས་མ་དངུལ་མེད་པ་ཁག་འགེལ་ས་མི་བྱེད་པར།རང་ཉིད་ལ་དེ་ངེས་བར་དུ་བསྒྲུབ་པའི་ཆོད་སེམས་བརྟན་པོ་ཡོད་མེད་ཤེས་སུ་འཇུག་རྒྱུ་དང་། གལ་ཏེ་ཡོད་ན།ཁྱོད་ཀྱིས་དེ་སྒྲུབ་པའི་ཐབས་ཤེས་རྙེད་སྲིད་ལ།ལྷག་པར་དུ་ལྟུང་ལས་ཤོར་བའི་གོ་སྐབས་ཀྱི་མདའ་མོ་ནི་ཕྱིར་བསྡུ་ཐབས་མེད་པས། གོ་སྐབས་དམ་འཛིན་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེན་ཡིན་ནོ།།


སྐྱེས་པ་ཕོ་ཞིག་ཡིན་ན་རྩོམ་འདི་ཀློག་རྒྱུ་མ་བརྗེད།


 མ་ཡོན་གྱིས་གསུང་། ཁྱུང་ཡོན་གྱིས་བསྒྱུར།

 ༠༡  

༡.སྐྱེས་པ་ཕོ་ཞིག་ལ་ངེས་པར་དུ་ཕོ་ཉམས་དོད་པོ་དགོས། གྲ་འགྲིག་པོ་དང་སྤྲོ་སེམས་འཁོལ་པོ་དགོས་པ་ལས། ངོ་ཚ་ཆེ་བ་དང་བཤད་རྒྱུ་འབེལ་པོ་གཏན་ནས་བྱེད་མི་རུང་།

 ༠༢  

༢.སྐྱེས་པ་ཕོ་ཞིག་གིས་བུད་མེད་ལ་སྲུང་སྐྱོང་དང་གུས་བཀུར་དགོས། ཁྱད་པར(后者)ཕྱི་མ་ཚོས་བུད་མེད་ལ་བཙན་དབང་གིས་མོས་པ་མེད་པ་དག་གཏན་ནས་བྱེད་བཅུག་མི་རུང་། བུད་མེད་ཀྱིས་ཁྱེད་རང་གི་སེམས་བསད་པ་དང་། མགོ་བསྐོར་བ་སོགས་ཅི་བྱས་ཀྱང་གཏན་ནས་རྡུང་རྡེག་བྱེད་མི་རུང་།

 ༠༣ 

༣.སྐྱེས་པ་ཕོ་ཞིག་གིས་ཁ་ནས་བཤད་པ་ལག་གིས་བྱེད་དགོས། རང་གིས་གཡོས་པའི་སྤགས་དེ། ཞིམ་པོ་མེད་ཀྱང་ཟ་དགོས། 

 ༠༤ 

༤.སྐྱེས་པ་ཕོ་ཞིག་ལ་རྫིག་པོ་མེད་ཀྱང་ཆོག ཡིན་ཡང་ཕོ་ཉམས་དང་། བྱང་ཚད། དོན་སྤྱི། ཞིབ་ཆ་བཅས་དགོས། བུ་མར་ཤེ་གཉིས་ལ་ཚུགས་མི་དགོས་ཀྱང་། བསམ་པ་ངན་པ་ནམ་ཡང་འཆང་མི་རུང་།  

 ༠༥ 

༥.སྐྱེས་པ་ཕོ་ཞིག་ཡོན་ཏན་ཁྱད་དུ་འཕགས་ནས་ཤེས་བྱ་ཀུན་ལ་མ་མཁས་ཀྱང་ཆོག  ཡིན་ནའང་རང་ཉིད་ཀྱི་ཁྱིམ་ཚང་སྐྱོང་དགོས་པས་རིག་གནས་སྣ་གཅིག་ངེས་པར་དུ་ཤེས་དགོས། 

 ༠༦ 

༦.སྐྱེས་པ་ཕོ་ཞིག་ལ་རང་ཉིད་ཀྱི་མདུན་ལམ་དང་བརྩོན་ལེན་དགོས།  མི་ཚང་མའི་མགོ་སྟེང་གི་གནམ་གཅིག་པ་ཡིན་པས། ཕམ་ཁ་འབྱུང་ཆོག་ལ། ཡིད་ཐང་ཆད་དགོས་དོན་མེད།

 ༠༧ 

༧.སྐྱེས་པ་ཕོ་ཞིག་ལ་འགན་འཁྲིའི་འདུ་ཤེས་དགོས། ཁྱེད་ཀྱི་ཁྱིམ་ཚང་དང་། ལས་དོན། ཕ་མ། བཟའ་ཟླ། བུ་ཕྲུག གྲོགས་པོ་བཅས་སུ་ཡིན་ཡང་རང་ཉིད་ཀྱི་ལས་འགན་ཁུར་ཐུབ་དགོས། རང་འདོད་རང་ཤེད་ཆེ་བ་དང་། འགན་འཁྲི་ལ་གཡོལ་ནས་འགྲོ་མཁན་ནི་སྐྱེས་པ་ཕོ་མིན།

 ༠༨ 

༨.སྐྱེས་པ་ཕོ་ཞིག་ལ་དཔའ་སྙིང་དགོས། སྤྱི་ཚོགས་སྒང་ལ་འདྲ་མི་འདྲ་སྣ་ཁ་བཅོ་བརྒྱད་ཡོད་པས་ཉེན་ཁ་དང་སླུ་བྲིད་ཀྱིས་ཁེངས་ཡོད། བསམ་བློ་བརྟན་པོ་མེད་པའི་རིགས་སྟབས་བདེར་ཕམ་པར་འཇུག་ནས་གཏོར་བརླག་ཐེབས་སྲིད། ལས་སླ་པོར་ཆམ་ལ་ཕབ་ཐུབ་པའི་མི་ཞིག་ལ་གཞན་ཅི་ཡང་བཤད་རྒྱུ་མེད་ལ། བཤད་ཀྱང་མི་དགོས། 

 ༠༩ 

༩.སྐྱེས་པ་ཕོ་ཞིག་གིས་སྒོར་མོ་བཙལ་ཤེས་དགོས། དངུལ་གསོག་ནས་ཁྱིམ་ཕྱུག་པོར་འགྱུར་ཆགས་མ་བྱེད། དངུལ་བསྒྲུབས་ཡོང་བ་རེད་མ་གཏོགས་བསགས་ཡོང་བ་མ་རེད། 

 ༡༠ 

༡༠.སྐྱེས་པ་ཕོ་ཞིག་གིས་ཞུམ་པ་མེད་པའི་བརྩོན་ལེན་བྱེད་དགོས། བརྩོན་འགྲུས་ཅན་གྱིས་རྡོ་ལ་ཨི་ཁུང་འབུག་ཅེས་བཤད་པ་ལྟར། རང་ཉིད་ཀྱིས་སྒྲུབ་འདོད་པའི་བྱ་བ་དེ་འབད་བརྩོན་ཆེན་པོས་བསྒྲུབ་དགོས།  

 ༡༡ 

༡༡.སྐྱེས་པ་ཕོ་ཞིག་ལ་བབ་ཆགས་དང་ཁུ་སིམ་པོ་དགོས། བབས་ཆགས་ནི་སྐྱེས་པ་ཕོ་ཡི་མཚོན་རྟགས་ཡིན་ལ། ཁུ་སིམ་པོས་ཁྱེད་ཀྱིས་ཚད་མཐོ་ཤོས་ཀྱི་ཁྱད་ཆོས་འདོན་ཆོག་ལ། ཉེན་ཁའང་ཆུང་དུ་གཏོང་ཐུབ། མ་ཟད་ཁྱེད་ནི་ན་ཚོད་སྨིན་པའི་སྐྱེས་པ་ཕོ་ཞིག་གི་བཟོ་ལྟ་མངོན་ཐུབ་པས། འབྲེལ་བཤད་མང་པོ་བརྒྱབ་མི་དགོས། ཡག་བཙོག་དང་། རྒྱལ་ཕམ་ཅི་བྱུང་ཡང་རང་གིས་བྱས་པ་རེད། འབྲེལ་བཤད་རྒྱག་ཀྱང་ཕན་ཐོགས་ཅི་ཡང་ཡོད་མ་རེད། ཁྱེད་དེ་སྐབས་ཅི་བྱེད་དུ་སོང་བ་ཡིན། གཞན་དུ་མཚམས་མཚམས་སུ་ཁ་མི་གྲགས་ཁ་རོག་བསྡད་ན་ཤིན་ཏུ་བཟང་། 

 ༡༢ 

༡༢.སྐྱེས་པ་ཕོ་ཞིག་བྱེད་པ་དང་། ཡང་དག་པའི་སྐྱེས་པ་ཕོ་ཞིག་བྱེད་པར་གནམ་སའི་བར་ལ་ཀྲོང་ངེར་ལངས་ནས། འཛམ་གླིང་དུ་ཅི་དགར་བསྐོར་བ་རྒྱག་དགོས། 

 ༡༣ 

༡༣.སྐྱེས་པ་ཕོ་ཞིག་ལ་རང་ཉིད་ལས་བརྒལ་བའི་ཕུགས་བསམ་ཞིག་ཡོད་འོས། 

 ༡༤ 

༡༤.སྐྱེས་པ་ཕོ་ཞིག་ལ་རྨི་ལམ་དང་ཕུགས་བསམ་གཉིས་ངེས་པར་ཡོད་འོས། 

 ༡༥ 

༡༥.སྐྱེས་པ་ཕོ་ཞིག་ལ་སྤོབས་ལ་དང་། ལ་རྒྱ། སྙིང་སྟོབས་གསུམ་ངེས་པར་ཡོད་འོས། 

 ༡༦ 

༡༦.སྐྱེས་པ་ཕོ་ཞིག་ལ་ཡིད་ཆེས། བརྩེ་བ། འགན་འཁྲིའི་འདུ་ཤེས།  ལས་དོན་སྒྲུབ་སེམས་བཅས་ལྷག་བསམ་བཞི་ངེས་པར་ཡོད་འོས།

 ༡༧ 

༡༧.སྐྱེས་པ་ཕོ་ཞིག་ལ་ཤེས་ནུས། སྙིང་རུས། བརྩོན་པ།འཇོན་ནུས། གསོན་ནུས་བཅས་ནུས་ཤུགས་ལྔ་ངེས་པར་དུ་ཡོད་འོས། 

 ༡༨ 

༡༨.སྐྱེས་པ་ཕོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གཙོ་གཟུགས་ཡིན། སྐྱེས་པ་ཕོ་ཞིག་ཡིན་ན་འགན་འཁྲིའི་འདུ་ཤེས་ངེས་པར་ཡོད་འོས། 

 ༡༩ 

༡༩.སྐྱེས་པ་ཕོ་ནི་ཁྱིམ་ཚང་གི་རྟེན་རྡོ་ཡིན་པས།  སྐྱེས་པ་ཕོ་ཞིག་ཡིན་ན་འོས་འགན་བཞིན་ཁོང་ཚོའི་ཆེད་དུ་བརྩོན་ལེན་བྱེད་དགོས།

 ༢༠ 

༢༠.སྐྱེས་པ་ཕོ་ཞིག་གིས་རྨི་ལམ་ལེགས་འགྲུབ་དང་། ཕུགས་བསམ་མངོན་འགྱུར་གྱི་བྱ་བ་གཉིས་བསྒྲུབ་འོས། 

 ༢༡ 

༢༡.སྐྱེས་པ་ཕོའི་དོན་སྤྱི་ཕྱི་དབྱིབས་ལས་ཡོངས་སུ་རྒྱལ་ཡོད་པས། རྣམ་པ་དང་གཟུགས་ཚད་ཀྱི་སེམས་ཁྲལ་དང་། རང་ཉིད་ལ་མཐོང་ཆུང་བྱེད་མི་རུང་། 

 ༢༢ 

༢༢.སྐྱེས་པ་ཕོ་ལ་རླུང་གིས་བཏེག་པ་དང་། ཆར་གྱིས་ཆོད་པའི་སྤྲིན་པ་ལྟ་བུ་བློ་རྒྱ་དགོས། བློ་རྒྱ་ཆེ་ཙམ་གྱིས། གཏན་ནས་བཟོད་ཐབས་མི་འདུག་ན་ཆར་པ་སིམ་སིམ་འབབ་པའི་མི་མེད་ཀྱི་ས་ཆར་སོང་ནས་ཐེངས་ཤིག་ངུས། 

 ༢༣ 

༢༣.སྐྱེས་པ་ཕོ་ལ་དཀའ་ཁག་ཐེག་པ་དང་། རྒོལ་རྡུང་ལ་བཟོད་བསྲན་ཐུབ་པ་རི་བོ་ལྟ་བུའི་སྒལ་ཚིགས་དགོས། ཚེ་སྲོག་གི་བར་མ་ཆད་ན་ཡོད་ཚད་སླར་གསོ་ཆོག 

 ༢༤ 

༢༤.སྐྱེས་པ་ཕོ་ལ་གཡག་ལྟ་བུའི་སྙིང་ཁམས་དགོས། བྱེད་ཐུབ་པ་རྣམས་མང་ཙམ་གྱིས། སྐྱེས་པ་ཕོ་ཞིག་ཡིན་ན་སུས་ཁྱོད་ལ་སྐྱེས་པ་ཕོ་ཞེས་བོས་པར་འཁང་ར་མ་བྱེད། ཅི་ཚད་སྡུག་ཀྱང་གཡག་ལས་ལམ་འགྲོ་ཆེ་བ་ཡོད། འཚོ་བ་དང་། གྲོགས་པོ། ཁྱིམ་ཚང་བཅས་ལ་སེམས་བཟང་གིས་སྐྱོངས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-05-13 ལྟ་ཀློག (9065)