ཀན་ལྷོའི་གཙོས་གྲོང་ཁྱེར་སློབ་འབྲིང་གི་སློབ་མའི་སྦྱང་རྩོམ།

མདོ་སྨད་ཀན་ལྷོའི་གཙོས་གྲོང་ཁྱེར་སློབ་འབྲིང་གི་སློབ་མའི་སྦྱང་རྩོམ།

    ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་སློབ་འབྲིང་ནི་ཐོག་མར་༡༩༧༦ལོར་བཙུགས་ཤིང་། ཐོག་མའི་མིང་ལ་བསང་ཆུ་རྫོང་གཙོས་གྲོང་རྡལ་སློབ་འབྲིང་ཟེར།༡༩༩༨ལོར་གཙོས་གྲོང་ཁྱེར་བཙུགས་པ་དང་ལྷན་དུ་གཙོས་གྲོང་ཁྱེར་སློབ་འབྲིང་ཞེས་འབོད། ད་ལྟ་སློབ་གྲྭ་འདིར་དམའ་འབྲིང་དང་མཐོ་འབྲིང་གི་སློབ་མ་ཉིས་སྟོང་དྲུག་བརྒྱ་ལྷག་ཡོད་ལ་དེའི་ཁྲོད་རྒྱ་ཡིག་གཙོ་བོ་ཡིན་པའི་འཛིན་གྲྭ་འགའ་མ་གཏོགས་ཚང་མ་རོང་འབྲོག་ཁུལ་ནས་ཡོང་པའི་བོད་རིགས་སློབ་མ་ཏག་ཏག་གིས་གྲུབ་པ་ཡིན། ཉེ་བའི་ལོ་འགའི་ནང་དེང་རབས་སློབ་གསོའི་འཕེལ་ཕྱོགས་ལྟར་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབས་དང་འཕེལ་རྒྱས་གཏོང་དགོས་བའི་བླངས་བྱ་ལྟར། ༢༠༡༤ལོ་ནས་བཟུང་སློབ་གྲྭའི་མགོ་ཁྲིད་རྣམ་པས་མ་བསྐུལ་དང་བླངས་དགོས་སློབ་མའི་དགའ་ཕྱོགས་སྲུང་འཛིན་དང་མ་འོངས་པར་ཆེད་ལས་ཐད་གདམས་ག་མང་དུ་འགྲོ་བའི་ཆེད། ཉེ་སྔོན་མཐོ་འབྲིང་སློབ་མར་ཐང་གའི་འཛིན་གྲྭ་ཞིག་བཙུགས་ཤིང་དགོས་ངེས་ཀྱི་མཐུན་རྐྱེན་གང་ལེགས་བསྐྲུན། ཐང་གའི་འཛིན་གྲྭ་འདིར་ཆེད་ལས་ཀྱི་དགེ་རྒན་ཉུང་ཡང་༼བོད་ཀྱི་རི་མོའི་བསླབ་དེབ་ལག་ལེན་ཞུན་ཐིག༽གཞིར་བཟུང་ནས་ཡོད་ཚད་བོད་རང་གི་སྲོལ་རྒྱུན་ཐང་གའི་འབྲི་ཚུལ་ལྟར་ལག་ལེན་བྱས་པས། ལོ་འདི་འགའི་ནང་ཀན་སུའུ་ཞིང་ཆེན་གྱི་མཐོ་རྒྱུགས་སྐབས་ཀྱི་ཨང་དང་པོ་རག་པ་སོགས་སྦྱང་འབྲས་ཀྱང་མི་དམན་པ་ཐོབ་ཡོད། མ་འོངས་པར་ཐང་གའི་བསླབ་ཚན་འདི་གཙོར་བཟུང་སྒོས་གོང་ནས་གོང་དུ་འཕེལ་རྒྱས་སུ་གཏོང་ངེས་ལ། ཕྱོགས་འདིར་འབད་འབུང་བྱེད་བཞིན་པའི་སྒང་ཡིན་ནོ།།

ལྷ་རིས་པ།  ཚེ་རིང་བཀྲ་ཤིས། མཐོ་གསུམ་དྲུག་པ།

ལྷ་རིས་པ།  ཚེ་རིང་མཁར།  མཐོ་གསུམ་བཞི་བ།

ལྷ་རིས་པ།  འབྲུག་མོ་སྐྱིད། མཐོ་གསུམ་གཉིས་པ།

ལྷ་རིས་པ།  ལྷ་མོ་དབང་རྒྱལ། མཐོ་གསུམ་དྲུག་པ།

ལྷ་རིས་པ།  སངས་རྒྱས་མཁར།  མཐོ་གསུམ་དྲུག་པ།

ལྷ་རིས་པ།  ཏིང་འཛིན་སྐྱིད། མཐོ་གསུམ་དྲུག་པ།

ལྷ་རིས་པ།  མཁའ་འགྲོ་འཚོ། མཐོ་གསུམ་གཉིས་པ།

ལྷ་རིས་པ།  ཆོས་སྐྱོང་བཀྲ་ཤིས། མཐོ་གསུམ་གཉིས་པ།

ལྷ་རིས་པ།  ཚེ་དཔལ་རྡོ་རྗེ། མཐོ་གསུམ་གཉིས་པ།

ལྷ་རིས་པ།  ཀླུ་མོ་འཚོ། མཐོ་གསུམ་བཞི་བ།

ལྷ་རིས་པ།  དཀའ་ཐུབ་ཚེ་རིང་། མཐོ་གསུམ་གཉིས་པ།

ལྷ་རིས་པ།  པདྨ་ཚེ་རིང་། མཐོ་གསུམ་བཞི་བ།

ལྷ་རིས་པ།  བདེ་སྐྱིད་སྒྲོལ་མ།  མཐོ་གསུམ་གཉིས་པ།

ལྷ་རིས་པ།  དཔལ་ཆེན་ཚེ་རིང་།  མཐོ་གསུམ་བཞི་བ།

དགེ་སློབ་མཉམ་པར།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-05-11 ལྟ་ཀློག (1116)