ནད་ལ་སོགས་པ་ལམ་དུ་འཁྱེར་ཚུལ།



ནད་ལ་སོགས་པ་ལམ་དུ་འཁྱེར་ཚུལ།

           རྒྱལ་སྲས་ཐོགས་མེད་བཟང་བོ།

ན་མོ་གུ་རུ། བདག་གཞན་སྒྱུ་ལུས་ཀྱི་ཕུང་བོ་འདི།།

ན་ན་ན་སྟེ་ན་བས་དགའ། །

སྔར་བསགས་ཀྱི་ལས་ངན་འཛད་པ་ཡིན། །

ཆོས་སྤྱོད་ཀྱི་བྱ་བ་སྣ་ཚོགས་ཀྱང་། །

སྒྲིབ་གཉིས་སྦྱང་བའི་ཆེད་དུ་ཡིན། །

ན་བ་མེད་ན་མེད་དེ་དགའ། །

ལུས་སེམས་བདེ་ན་དགེ་སྦྱོར་འཕེལ། །

མི་ལུས་དོན་ཅན་བྱེད་པ་ཡང་། །

སྒོ་གསུམ་དགེ་ལ་སྦྱོར་བ་ཡིན། །

འབྱོར་བ་མེད་ན་མེད་དེ་དགའ། །

བསྲུང་བྲལ་གྱི་བྱ་བྲེལ་དེ་ལ་མེད། །

འཐབ་རྩོད་ཀྱི་ཁྲོ་འཁྲུགས་ཇི་སྙེད་པ། །

བསོད་ནམས་ཀྱི་འབྲས་བུ་ཡིན་པར་ངེས། །

མྱུར་དུ་ཤི་ན་ཤི་བས་དགའ། །

རྐྱེན་ངན་གྱི་བར་དུ་མ་ཆོད་ཅིང་། །

མཚམས་སྦྱོར་གྱི་བག་ཆགས་བཟང་གྲོགས་པས། །

མ་ནོར་གྱི་ལམ་དུ་ཚུད་པར་ངེས། །

ཡུན་དུ་གསོན་ན་གསོན་པས་དགའ། །

ཉམས་མྱོང་གི་ལོ་ཐོག་སྐྱེས་པ་ལ། །

གདམས་ངག་གི་རླན་དྲོད་མ་ཡལ་བར། །

ཡུན་དུ་བསྟེན་པས་སྨིན་པར་འགྱུར། །

གང་ཡིན་ཡང་དགའ་བ་སྒོམས་ཤིག་ཨང་། །

ཞེས་པ་ས་སྐྱར་དགེ་བཤེས་ཤིག་གིས་ནད་ལ་སོགས་པ་བྱུང་ན་ཇི་ལྟར་བྱེད་དྲིས་པའི་ལན་དུ་ནད་ལ་སོགས་པ་ལམ་དུ་འཁྱེར་བའི་ཚུལ་འདི། །ཆོས་སྨྲ་བའིབཙུན་པ་ཐོགས་མེད་ཀྱིས་བཀོད་པའོ། །སརྦ་མངྒ་ལཾ། །

རྩོམ་ཡིག་ཕབ་བཤུ་བ།  ནག་ག་བུར། 

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2017-04-19 ལྟ་ཀློག (4296)