སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གོང་སྟོད་ཡུལ་ཚོར་ཕེབས་པ།

སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གོང་སྟོད་ཡུལ་ཚོར་ཕེབས་པ།

    མགོ་ལོག་ཁུལ་དགའ་བདེ་རྫོང་གོང་སྟོད་འབྲོག་ཨུ་ཁང་ལྔ་ཡི་རེ་འདུན་ལྟར་2017ལོའི་ཟླ་བ་4བའི་ཚེས18ཉིན་གྱི་སྔ་དྲོར་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གོང་སྟོད་བྱིས་གཉོར་ཁང་དུ་ཕེབས་ཤིང་།  བྱིས་གཉོར་ཁང་གི་སློབ་གཙོ་ཚེ་བདག་དང་གོང་སྟོད་ཡུལ་དཔོན་བཟོད་པ།  འབྲོག་ཨུ་ཁང་ལྔ་ཡི་སྡེ་དཔོན་སོགས་གཙོས་འབྲོག་ཨུ་ཁང་ལྔ་ཡི་མི་སྣ་བཅས་ཚོགས་འདུར་མཉམ་ཞུགས་གནང་ཞིང་ཚོགས་ཐོག་ཏུ་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་<<མཉམ་བསྒྲུབ་ཚོང་སྡེ>>ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གལ་ཆེན་གནང་བ་དང་།  དེ་ལས་ཟུར་འཕྲོས།  དགེ་རྒན་རྣམས་ཀྱིས་རང་རང་གི་འགན་འཁྲི་བརྩི་སྲུང་དམ་འཛིན་བྱས་པ་ནི་ཚོགས་བསགས་དང་དགེ་བ་རླབས་ཆེན་ཞིག་ཡིན་སྟབས་སོ་སོའི་བྱ་བའི་བརྒྱུད་རིམ་ཁྲོད་བསམ་སྦྱོར་གཉིས་ཀྱི་སྟེང་དཀའ་ངལ་རབ་དང་རིམ་པར་འཕྲད་སྲིད་ཀྱང་། སྐྱོ་ངལ་དང་སེམས་ཚེགས་ལ་གདོང་ལེན་བྱ་དགོས་པའི་སྐོར་གྱི་གསུང་བཤད་གནང་ཞིང་། ཁྱིམ་བདག་དག་གིས་ཀྱང་སོ་སོའི་བུ་ཕྲུག་དག་གི་མདུན་ལམ་གྱི་ཆེད་དུ་དགེ་རྒན་རྣམས་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་སྟེ་གུས་བཀུར་བྱ་དགོས་པ་ལས་ཁ་འཛིང་དང་ཁུ་ཚུར་བཟུང་ནས་རྒྱུག་རྐྱང་མ་ཡིན་པའི་བཀའ་སློབ་ལམ་སྟོན་གནང་བ།   ས་གནས་མང་ཚོགས་ལ་མཉམ་ལས་ཚོང་སྡེའི་ཁ་ཕྱོགས་དང་དགེ་མཚན།  དམིགས་འབེན་བཅས་ཀྱི་ཐད་གསུང་བཤད་གྱ་ནོམ་པ་མང་དུ་གནངས་སོ།།

ཐེངས་འདིའི་ཚོགས་ཞུགས་མི་སྣས་ཁོང་གི་བཀའ་སློབ་གསན་བཞིན་པ།

གོང་སྟོད་བྱིས་གཉོར་ཁང་གི་དགེ་སློབ་ཡོངས་ཀྱི་མཉམ་པར།

ཕྱིར་ཕེབས་ཁའི་བརྩེ་འཛུམ་དྲོད་མོ།

གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ་སེར་སྐོར་འཇམ་ཚེ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-04-19 ལྟ་ཀློག (3536)