སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པར་ཕེབས་པ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པར་ཕེབས་པ།


༢༠༡༧ལོའི་སྤྱི༤པའི་ཚེས༡༧ཉིན་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གདན་ཞུས་ལྟར་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པར་ཕེབས་ནས་ཐོག་མར་དགེ་རྒན་རྣམས་ལ་སློབ་མ་སྐྱོང་ཐབས་དང་འགན་འཁྲིའི་འདུ་ཤེས་དགོས་པ།  དུས་ཚོད་དམ་འཛིན་གཙོས་ལྷག་བསམ་རྣམ་དག་གིས་སློབ་མ་རྣམས་ལ་སློབ་ཁྲིད་བྱེད་དགོས་པ་གཞིར་བྱས་དགེ་རྒན་རྣམས་ཀྱིས་ནམ་རྒྱུན་དཔེ་ཀློག་བྱེད་དགོས་པའི་སྐོར་ནས་བཀའ་སློབ་གནངས་བ་དང་དེ་རྗེས་སློབ་མ་རྣམས་ལ་དགེ་རྒན་གྱི་བཀའ་དྲིན་ངོས་ཟིན་དགོས་པར་མ་ཟད་དགེ་རྒན་ཚུལ་བཞིན་བརྟེན་ཏེ་སློབ་སྦྱོང་ལ་བརྩོན་འགྲུས་བསྐྱེད་དགོས་པའི་སྐོར་གྱི་བཀའ་སློབ་གནངས།  མཐར་ཁྱིམ་བདག་རྣམས་ལ་དགེ་རྒན་དང་མི་རིགས་སློབ་གསོའི་ཐད་ལ་ངེས་པར་དུ་རྒྱབ་སྐྱོར་བྱེད་དགོས་ཚུལ་སོགས་དགེ་སློབ་དང་ཁྱིམ་བདག་ཡོངས་ལ་བོད་ཀྱི་སྲོལ་རྒྱུན་སློབ་གསོ་དང་འབྲེལ་བའི་བཀའ་སློབ་ཡིད་འཁུལ་བ་གནངས་སོང་།

ཐེངས་འདིའི་འཆད་ཁྲིད་ལ་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད་དང་དགེ་རྒན་གྱི་སྡེ།

རང་སློབ་གྲྭའི་མདོ་འཛིན་པ་དགེ་རྒན་བཀྲ་ཤིས་དོན་གྲུབ་ཀྱིས་མདོ་འཛིན་བྱེད་ཀྱིན་པ།

དགེ་སློབ་ལྷན་བཞུགས་སྒོས་བློ་གཟུ་བོར་གནས་ཏེ་འཆད་ཁྲིད་ལ་གསན་པའི་ཚུལ།

ཁྱིམ་བདག་རྣམས་ཀྱིས་འཆད་ཁྲིད་ལ་གསན་བཞིན་པའི་ཚོགས་རའི་ཟུར།

སློབ་གྲྭའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་སློབ་དཔོན་མཆོག་ལ་སྐུ་དྲིན་མཚོན་པའི་ལེགས་སྐྱེས་ཕུལ་ཏེ་ཐེངས་འདིའི་འཆད་ཁྲིད་ཡོངས་སུ་མཇུག་རྫོགས།

མཉམ་དུ་བསྐྱོན་པའི་འདྲ་པར།

གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ། རྨ་གཞུང་བཙན་སྲས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-04-17 ལྟ་ཀློག (4585)