གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་འོ་མའི་ཐོན་རྫས་བོད་ཁུལ་ཚབ་ཚོང་མི་སྣའི་གསོ་སྦྱོང་བརྡ་སྦྱོར།

གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་འོ་མའི་ཐོན་རྫས་བོད་ཁུལ་ཚབ་ཚོང་མི་སྣའི་གསོ་སྦྱོང་བརྡ་སྦྱོར།

 
    གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་སྐབས་བཞི་བའི་རྒྱུན་ལས་ཚོགས་ཆེན་སྟེང་དུ་ཐོན་མིའི་སློབ་ཚོགས་དང་གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གཉིས་མཉམ་འབྲེལ་སྒོས་བོད་ཁུལ་ཡོངས་ཀྱི་གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་འབྲི་མོའི་འོ་མའི་ཐོན་རྫས་ཚབ་ཚོང་མི་སྣ་རང་སློབ་གླིང་གི་མཐར་ཕྱིན་སློབ་མའི་ཁྲོད་ནས་བདམས་རྒྱུ་གྲོས་ཐག་བཅད་ཅིང་། ང་ཚོའི་དམིགས་ཡུལ་གཙོ་བོ་ནི་ཆེད་ལས་སློབ་གསོ་དང་ཐོན་སྐྱེད་ལག་ལེན་གཉིས་ཀྱི་ཟུང་འབྲེལ་བྱེད་སྟངས་དང་དེང་རབས་ཀྱི་ལས་སྒོ་གསར་བཏོད་དང་སྤྱི་ཚོགས་ལས་ཞུགས་གསར་སྤེལ་གྱི་འབྲེལ་བ་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་ལ་དམིགས་ནས་ཁུལ་རེ་ནས་ཁེ་ལས་ལ་སྤྲོ་སྣང་དང་བྱ་བའི་ཉམས་མྱོང་ཡོད་པ།   ཕུགས་བསམ་དང་ཤེས་འཇོན་མངའ་བ།  སྤྱི་ཚོགས་ཀྱི་འབྲེལ་ལམ་སོགས་ཕྱོགས་གང་ཅིའི་ཐད་ལ་འོས་འཚམ་གྱི་ཁྱད་ཆོས་ཡོད་པའི་མཐར་ཕྱིན་སློབ་མ་གཉིས་རེ་བདམ་རྒྱུ་ཡིན་པས་ཚུལ་འདི་ལ་མོས་པ་ཡོད་པའི་རང་སློབ་གླིང་གི་མཐར་ཕྱིན་སློབ་མ་དག་གིས་སྤྱི་ཟླ་༤ཚེས༢༠སྔོན་ལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ལ་མིང་ཐོ་འགོད་རྒྱུ་དང་།   ཚེས་༢༢ཉིན་གྱི་སྔ་དྲོ་ཆུ་ཚོད་༩སྟེང་མགོ་ལོག་ཁུལ་གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་དུ་འཛོམས་ནས་ཐེངས་འདིའི་གསོ་སྦྱོང་དང་འབྲེལ་ཏེ་དངོས་སུ་ཐོན་པའི་མཐར་ཕྱིན་སློབ་མའི་ཁྲོད་ནས་བོད་ཁུལ་གྱི་ས་གནས་སོ་སོའི་གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་འབྲི་མོའི་འོ་མའི་ཐོན་རྫས་ཚབ་ཚོང་མི་སྣ་དངོས་སུ་བདམས་ཐོན་བྱ་རྒྱུ་ཡིན་པས་ཚོང་ལས་འདིར་མོས་པ་ཡོད་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་རྣམས་དུས་ལྟར་ཕེབས་པར་དགའ་བསུ་ཞུ་རྒྱུ་དང་།  འདིར་ཆེད་དུ་གསལ་བཤད་བྱ་རྒྱུ་ཞིག་ལ་ཁུལ་རེ་ནས་ཚབ་ཚོང་མི་སྣ་གཉིས་མ་གཏོགས་བསྡུ་རྒྱུ་མ་ཡིན་པས་ཐེངས་འདིའི་གསོ་སྦྱོང་ལ་ཞུགས་མཁན་རྣམས་ཀྱིས་དེ་ལུགས་དགོངས་འཇགས་གནང་རོགས་ཞུ་ཞུ། 

 

 ༢༠༡༧  ༤   ༡༣ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་དང་གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གཉིས་ཀྱིས།  


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2017-04-13 ལྟ་ཀློག (5743)