གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སྟོང་བཙན་བུམ་པ་རྟགས་མའི་རྐང་གྲུག་སྤོ་ལོའི་འགྲན་བསྡུར་བྱ་འགུལ་སྤེལ་བ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སྟོང་བཙན་བུམ་པ་རྟགས་མའི་རྐང་གྲུག་སྤོ་ལོའི་འགྲན་བསྡུར་བྱ་འགུལ་སྤེལ་བ།


  ༢༠༡༧ ལོའི་སྤྱི་ཟླ་༤ བའི་ཚེས་༣ ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སྟོང་བཙན་བུམ་པ་རྟགས་མའི་རྐང་གྲུག་སྤོ་ལོའི་འགྲན་བསྡུར་དངོས་སུ་འགོ་བརྩམས་ཤིང་། གླིང་སྟོད་སྨད་གཉིས་ཀྱི་འཛིན་གྲྭ་བཅུ་གཅིག་ལྷག་གི་འཐུས་ཚབ་མི་སྣ་བརྒྱ་ཕྲག་ལས་བརྒལ་བ་འགྲན་བསྡུར་ལ་ཞུགས་ཏེ་ཉིན་དྲུག་ལྷག་ལ་འགྲན་བསྡུར་བྱས་པ་བརྒྱུད་མཐོ་གཅིག་དང་བོའམ་འཇིགས་མེད་ལབ་ཙེ་རུ་དཔུང་གིས་བྱ་དགའ་ཨང་དང་བོ་བླངས་ཤིང་། མཐོ་གཉིས་གཉིས་པའམ་དབྱངས་ལྡན་རུ་དཔུང་ལ་བྱ་དགའ་ཨང་གཉིས་པ།  མཐོ་གཅིག་གཉིས་པའམ་གངས་དཀར་གྱི་བུ་རྒྱུད་རུ་དཔུང་ལ་བྱ་དགའ་ཨང་གསུམ་པ།  མཐོ་གཉིས་དང་བོའམ་འཇིགས་མེད་ཤེས་རིག་རུ་དཔུང་ལ་བྱ་དགའ་ཨང་བཞི་བཅས་བླངས་ཏེ་ཐེངས་འདིའི་སྟོང་བཙན་བུམ་པ་རྟགས་མའི་རྐང་གྲུག་སྤོ་ལོའི་འགྲན་བསྡུར་རྒྱལ་ཁའི་ངང་མཇུག་བསྡུས་པ་རེད།


མཐོ་གཅིག་དང་བོའམ་འཇིགས་མེད་ལབ་ཙེ་རུ་དཔུང་ལ་བྱ་དགའ་ཨང་དང་བོ་ཐོབ་པ།


མཐོ་གཉིས་གཉིས་པའམ་དབྱངས་ལྡན་རུ་དཔུང་ལ་བྱ་དགའ་ཨང་གཉིས་པ་ཐོབ་པ།


མཐོ་གཅིག་གཉིས་པའམ་གངས་དཀར་གྱི་བུ་བརྒྱུད་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ།


མཐོ་གཉིས་དང་བོའམ་འཇིགས་མེད་ཤེས་རིག་རུ་དཔུང་ལ་བྱ་དགའ་ཨང་བཞི་བ་ཐོབ་པ།


རྒྱལ་ཁའི་སྐོར་བྲོ།


མཛའ་བརྩེའི་དཔུང་རྡང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-04-08 ལྟ་ཀློག (3590)