གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གཟའ་ཕུར་བུའི་ཉིན་གྱི་དམ་བཅའ་ཆེན་མོ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གཟའ་ཕུར་བུའི་ཉིན་གྱི་དམ་བཅའ་ཆེན་མོ།

     ༢༠༡༧ ལོའི་སྤྱི་ཟླ་༣པའི་ཚེས་༢༣ཉིན་གྱི་ཕྱི་དྲོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྟོད་དུ་གཟའ་ཕུར་བུའི་ཉིན་གྱི་དམ་བཅའ་ཆེན་མོ་དངོས་སུ་ཚུགས་པ་དང་གླིང་སྟོད་དང་གླིང་སྨད་གཉིས་ཀྱི་དགེ་སློབ་སྟོང་ཕྲག་ལྷག་གདན་འཛོམས་པའི་དབུས་སུ་འཛིན་གྲྭ་ཡོངས་ཀྱི་འཐུས་ཚབ་མི་སྣ་སུམ་བཅུ་ལྷག་བསྡུས་གྲྭ་ཁག་གསུམ་གྱི་རྩོད་པའི་འགྲན་བསྡུར་ལ་ཞུགས་ཤིང་།  སློབ་མ་རེ་རེས་རང་གི་རྣམ་དཔྱོད་ལ་བརྟེན་ནས་མཚོན་བྱེད་ཀྱི་དཔེ་དང་སྒྲུབ་བྱེད་ཀྱི་རིག་པ།  རྒྱབ་བསྟེན་གྱི་ལུང་དང་བཅས་ངར་ཤུགས་ཆེན་པོའི་སྒོ་ནས་གཞུང་ལུགས་ལ་བརྡར་ཤ་བཅད་པར་དགེ་རྒན་རྣམས་ཀྱིས་དཔྱད་བསྡུར་བྱས་པ་བརྒྱུད་ཐེངས་འདིར་མཐོ་གཉིས་གཉིས་པའི་འཛིན་གྲྭར་ཨང་དང་བོའི་བྱ་དགའ་ཐོབ།

རྟགས་གསལ་གཏོང་བཞིན་པ།

དགེ་རྒན་རྣམས་ཀྱིས་རྩོད་པར་ཤན་འབྱེད་པ།

ཚོགས་རའི་ཡུལ་དངོས།

ཚོགས་རའི་ཡུལ་དངོས།

བྱ་དགའ་ཐོབ་པའི་སློབ་མའི་མཉམ་པར།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-03-23 ལྟ་ཀློག (4781)