ཨ་རིག་ཚོ་བ་དང་ཨ་རིག་དགེ་བཤེས་ཆེན་མོའི་སྐོར་ལ་བསམ་ཚུལ་འགའ་བརྗོད་པ།​

ཨ་རིག་ཚོ་བ་དང་ཨ་རིག་དགེ་བཤེས་ཆེན་མོའི་སྐོར་ལ་བསམ་ཚུལ་འགའ་བརྗོད་པ།


    ༢༠༡ལོའི་སྤྱི་ཟླ༣ པའི་ཚེས་༢ཉིན་གྱི་དགུང་མོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྨད་ཀྱི་ཚོགས་ཁང་ཆེན་མོ་རུ་ཐོན་མིའི་རིག་གནས་བརྗེ་རེས་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་གནང་བའི་༼འཆད་ཁྲིད་ཐོན་མིའི་དགོངས་རྒྱན་༽ སྟེང་ཆེད་ཞུས་ལྟར་དགེ་རྒན་བཟོད་པ་བཟང་བོ་ལགས་ཀྱིས་ཨ་རིག་ཚོ་བ་དང་ཨ་རིག་དགེ་བཤེས་ཆེན་མོའི་སྐོར་ལ་བསམ་ཚུལ་འགའ་བརྗོད་པ་ ༽ ཞེས་པའི་བརྗོད་གཞིའི་སྟེང་ཨ་རིག་ཚོ་བའི་རིགས་རུས་མཆེད་ཁུངས་དང་ལོ་རྒྱུས།  ཨ་རིག་དགེ་བཤེས་ཆེན་མོའི་འཁྲུངས་ཡུལ་དང་སློབ་གཉེར་གནང་ཚུལ་གྱི་རིམ་པ།  ཨ་རིག་དགེ་བཤེས་ཆེན་མོའི་མཛད་ཆེན་བཅུ་ལ་སོགས་པ་དང་འབྲེལ་བའི་སྒོ་ནས་དགེ་སློབ་སྟོང་ཕྲག་ལྷག་ལ་འཆད་ཁྲིད་གཟབ་རྒྱས་གནང་བར་ཚོགས་ཞུགས་དགེ་སློབ་ཡོངས་ཀྱིས་དགའ་བསུ་བླ་མེད་ཐོབ


དགེ་རྒན་བཟོད་པ་བཟང་བོ་མཆོག་གིས་འཆད་ཁྲིད་གནང་བཞིན་པ།


དགེ་རྒན་རྣམས་ཀྱིས་འཆད་ཁྲིད་ལ་ཉན་བཞིན་པ།


སློབ་མ་རྣམས་ཀྱིས་འཆད་ཁྲིད་ལ་ཉན་བཞིན་པ།


སློབ་མ་རྣམས་ཀྱིས་འཆད་ཁྲིད་ལ་ཉན་བཞིན་པ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-03-22 ལྟ་ཀློག (4047)