སློབ་དཔོན་དམ་པ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་སློབ་མའི་ཀུན་སྤྱོད་སྐོར་གྱི་གཏམ་བཤད་གནང་བ།

སློབ་དཔོན་དམ་པ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་སློབ་མའི་ཀུན་སྤྱོད་སྐོར་གྱི་གཏམ་བཤད་གནང་བ



   ༢༠༡༧ལོའི་ཟླ༣ཚེས༢༡དགུང་མོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སློབ་མའི་ཀུན་སྤྱོད་སློབ་གསོ་སྐོར་གྱི་ཚོགས་འདུ་བསྡུས་ཤིང་།  ཚོགས་འདུའི་སྟེང་དུ་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་སློབ་མའིབསམ་བློ་ཀུན་སྤྱོད་དང་འབྲེལ་བའི་ལམ་སྟོན་བསླབ་བྱ་གནང་བ་དང་། སྒྲིག་འཛུགས་ཕན་ཚུན་བར་གྱི་མཐུན་སྒྲིལ། དགེ་སློབ་བར་གྱི་འབྲེལ་བ།  ཕ་སྐད་དམ་འཛིན་དང་ཁོར་ཡུག་སྲུང་སྐྱོབ།  བདེ་ཐང་ཟས་རིགས་དང་འཕྲོད་བསྟེན་གྱི་གལ་ཆེན་རང་བཞིན་སྐོར་མང་དུ་གསུང་བར་མ་ཟད། སློབ་གླིང་གི་འཕེལ་རྒྱས་དང་སློབ་མའི་འབྱུང་འགྱུར་གྱི་ཆེད་དུ་དགེ་རྒན་དང་ལས་བཟོ་སུ་ལའང་ཀུ་ཡངས་གཏན་ནས་མེད་པར་སྒྲིག་ལམ་སྣ་ཚོགས་དམ་འཛིན་བྱ་དགོས་པའི་སྐོར་གྱི་བསླབ་བྱ་གནད་དུ་འཁེལ་བ་གནང་བ་དང་།  སློབ་གཙོ་གཅོད་པ་ཚེ་རིང་ལགས་ཀྱིས་རྒྱལ་ཁབ་ཀྱི་སྒྲིག་གཞི་དང་མཐུན་པའི་སྒོ་ནས་སློབ་གྲྭའི་སྒྲིག་གཞི་སྣ་ཚོགས་འཐུས་ཚང་དུ་གཏོང་དགོས་པ་དང་སློབ་མའི་བདེ་འཇགས་སོགས་ཕྱོགས་ཡོངས་ལ་དོ་ཁུར་བྱ་དགོས་པའི་སྐོར་གྱི་གསུང་བཤད་གལ་ཆེན་མང་དུ་གནང་།


སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་ལམ་སྟོན་བསླབ་བྱ་གནང་བ།


སློབ་གཙོ་གཅོད་པ་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་བ།


ཚོགས་རའི་ཡུལ་དངོས།


ཚོགས་རའི་ཡུལ་དངོས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-03-21 ལྟ་ཀློག (4137)