རྒྱའི་གནའ་བོའི་མཁས་པ་འགའི་ལེགས་བཤད།

  རྒྱའི་གནའ་བོའི་མཁས་པ་འགའི་ལེགས་བཤད།

中国古贤德之名言

བཛྲ་ཚུལ་ཁྲིམས་རྒྱ་མཚོས།
班字尔慈智加措



孔子曰:“德薄而位尊,智小而谋大,力小而任重,鲜不及矣!”

ཡོན་ཏན་མེད་པར་གོ་ས་མཐོ་བ་དང་།།བློ་གྲོས་མེད་པར་ཇུས་ཆེན་བྱེད་པ་དང་།།སྟོབས་ཤུགས་མེད་པར་ལྗིད་མོ་འཁུར་འདོད་རྣམས།།ཕུང་བའི་རྒྱུ་རུ་དམ་པ་ཁུང་ཙིས་གསུངས།།


老子曰:“五色令人目盲,五音令人耳聋,五味令人口爽。”

གཟུགས་རྣམ་ལྔ་ཡིས་མིག་ཟུང་ལོང་བར་བྱེད།།སྒྲ་རྣམ་ལྔ་ཡིས་རྣ་བ་འོན་པར་བྱེད།།རོ་རྣམ་ལྔ་ཡིས་མྱོང་ཚོར་ཉམས་བྱེད་ཅེས།།ཏོ་ལུགས་སྟོན་པ་ལོ་ཙིས་གསུངས་པ་ཐོས།།


 孔子曰:“其身正,不令而行;其身不正, 虽令不从。”

རང་ཉིད་དྲང་ན་བཀའ་ཡིས་མ་བསྐུལ་ཀྱང་།།འབངས་མི་ངང་གིས་འདུ་ཞིང་རང་ཉིད་ཀྱི།།ཀུན་སྤྱོད་འཁྱོག་ན་བཙན་པོའི་བཀས་བསྐུལ་ཡང་།།ཉན་པར་མི་འགྱུར་ཞེས་ནི་ཁུང་ཙིས་གསུངས།།


墨子曰:“慧者心辩而不繁说,多力而不伐功,此以名誉扬天下。”

བློ་གྲོས་ཆེ་རྣམས་སེམས་ནས་ཤེས་ན་ཡང་།།སྨྲ་བ་མི་མང་དོན་ལ་འབད་པ་དང་།།རང་བསྟོད་མི་བྱེད་འདི་ཡིས་འཇིག་རྟེན་དུ།།མཚན་སྙན་འབར་བར་འགྱུར་ཞེས་མོའུ་ཙིས་གསུངས།།


老子认为:“合抱之木, 生于毫末;九层之台, 起于累土;千里之行,始于足下。”

རབ་རྒྱས་ལྗོན་ཤིང་མྱུག་ཆུང་ནང་ནས་སྐྱེས།།མཐོན་པོའི་སྟེགས་ཀྱང་ས་འཇིམ་ཆུང་ངུས་བརྩིགས།།ཤུལ་རིང་བྱང་ལམ་གོམ་པས་འཛད་དོ་ཞེས།།རྒྱ་ལུགས་བོན་སྟོན་ལོ་ཙིའི་གཞུང་ནས་མཐོང་།།


南宋陆游说:“古人学问无遗力,少壮工夫老始成。纸上得来终觉浅,绝知此事要躬行。”

གནའ་མིས་ཤེས་ཡོན་བརྩོན་པ་དྲག་པོས་སློབ།།གཞོན་དུས་བསླབ་ན་རྒན་དུས་གྲུབ་འབྲས་མཐོང་།།ཡི་གེ་ཙམ་ལ་འཆེལ་བ་མི་ཟབ་ཅིང་།།ཤེས་ནས་ལག་བསྟར་དགོས་ཞེས་ལུའུ་ཡོའུ་འདོད།།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-03-18 ལྟ་ཀློག (4150)