སྐབས་༣༥༧པའི་ཤེས་རིག་འགྲན་གླེང་།


   དེ་རིང་སྟེ་སྤྱི་ལོ་༢༠༡༧ལོའི་ཟླ་༣ཚེས་༡༦ཉིན་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་སྐབས་གསར་བའི་ཐེངས་དང་བོའི་ཤེས་རིག་འགྲན་གླེང་སྐབས་༣༥༧པ་གཟབ་རྒྱས་ངང་སློབ་གྲྭའི་ཚོམས་ཆེན་དུ་འཚོགས་ཤིང་།   འདི་ནི་རྩོད་རིག་འགྲན་སྡུར་དང་།  སྐད་རིགས་འགྲན་སྡུར།  རིག་གནས་སྣ་མང་གི་དྲི་བ་དྲིས་ལན་འགྲན་སྡུར། རིག་རྩལ་འགྲན་སྡུར་སོགས་བརྒྱུད་ནས་འཛིན་གྲྭ་སོ་སོའི་སློབ་མའི་ཕྱོགས་ཡོངས་ཀྱི་འཇོན་ནུས་སྔོག་འདོན་དང་འཕེལ་རྒྱས་གཏོང་བའི་སློབ་གླིང་གི་སློབ་གསོའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས་ཐེངས་འདིར་འགྲན་སྡུར་དུ་ཞུགས་པའི་འགྲན་སྡུར་བ་སོ་སོའི་སྐད་རིགས་སྣ་མང་ལ་བྱང་བའི་སྨྲ་བརྗོད་དང་།    གཏན་ཚིགས་ལ་བརྒྱུས་པའི་རྩོད་པའི་ངར་ཤུགས།    ཐོས་བརྩོན་ཟུང་དུ་འབྲེལ་བའི་གཞུང་དོན་གྱི་གོ་བ་སོགས་ཀྱིས་དགེ་སློབ་ཡོངས་ལ་སྔ་ན་མེད་པའི་ཡིད་ཆེས་དང་སྤོབས་སེམས་བསྩལ།  

ཤེས་རིག་འགྲན་གླེང་གི་མདོ་འཛིན་པས་མདོ་འཛིན་བྱེད་བཞིན་པ། 

སློབ་མ་རྣམས་ཀྱིས་འགྲན་གླེང་བྱེད་བཞིན་པ། 

དགེ་སློབ་སྟོང་ཕྲག་ལྷག་གིས་གཟབ་ནན་ངང་རིག་པའི་འགྲན་རྩོད་ལ་ཉན་པ། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2017-03-16 ལྟ་ཀློག (3226)