ལག་ཟུང་མེད་པའི་དགེ་རྒན་ཞིག་གིས་སློབ་བུ5000ལྷག་བསྐྱངས།

ལག་ཟུང་མེད་པའི་དགེ་རྒན་ཞིག་གིས་སློབ་བུ5000ལྷག་བསྐྱངས།
       2017/03/11     01:08:35


མཱ་ཀྲིན་ཧྥ་ནི་ཧོ་པེ་ཞིང་ཆེན་ཡུན་ཞི་རྫོང་ཅཱ་ཧི་གྲོང་རྡལ་གྱི་ཏོ་ལིན་ཙི་ཆ་ཚང་སློབ་ཆུང་གི་དགེ་རྒན་ཡིན་ཞིང་། ལོ་ངོ་ཉེར་ལྔའི་སྔོན་ལ་དོན་རྐྱེན་ཞིག་གི་ཁྲོད་སྟབས་མ་ལེགས་པར་ལག་པ་ཟུང་ཤོར་བར་གྱུར། ཡིན་ནའང་དབང་བོ་སྐྱོན་ཅན་ཡིན་པའི་ཕོ་གསར་འདིས་སྡུག་རུས་བསྐྱེད་དེ་ཡིག་གཟུགས་སྦྱངས་ཤིང་ཁྲིད་སྟེགས་ཆུང་ངུ་འདིའི་ལས་གནས་བརྟན་སྲུང་བྱས་ཏེ་མི་ལོ25རིང་བུ་སློབ5000ལྷག་བསྐྱེད་བསྲིངས་གནང་། གོང་གསལ་གྱི་པར་རིས་འདི་ནི་མཱ་ཀྲིན་ཧྥ་ཡིས་ལག་དཔུང་གཉིས་ལ་བརྟེན་ནས་སྒོ་སམ་ངོས་སུ་རྒྱ་ཡིག་འབྲུ་བཞིན་པ་ཡིན།

མཱ་ཀྲིན་ཧྥ་ཡིས་སློབ་མ་ཚོར་སློབ་ཁྲིད་བྱེད་པ།

མཱ་ཀྲིན་ཧྥ་ཡིས་སློབ་མ་ཚོར་སློབ་ཁྲིད་བྱེད་པ།


མཱ་ཀྲིན་ཧྥ་ཡི་སློབ་ཁྲིད་ལ་སྤྲོ་སྣང་གིས་ཕྱུག་ཅིང་དྲི་བར་ལན་འདེབས་སྐབས་སློབ་མ་ཚོས་འཕྲོག་རྩོད་ཀྱིས་ལན་འདེབས་བཞིན་ཡོད།

མཱ་ཀྲིན་ཧྥ་ཡིས་གཞུང་སྒྲུབ་ཁང་དུ་སློབ་མའི་ལས་བྱར་བལྟ་ཞིབ་བྱེད་པ།

མཱ་ཀྲིན་ཧྥ་ཡིས་སློབ་མའི་ལས་བྱར་བལྟ་ཞིབ་བྱེད་པ།

མཱ་ཀྲིན་ཧྥ་ཡིས་གཞུང་སྒྲུབ་ཁང་དུ་སློབ་མའི་ལས་བྱར་བལྟ་ཞིབ་བྱེད་པ།

གྲང་ངར་གྱིས་གཙེས་པའི་དགུན་དུས་ཀྱི་མཚན་ལྗོངས་སུ། མཱ་ཀྲིན་ཧྥ་ཡིས་སློབ་མའི་མལ་ཁང་ལ་ཞིབ་བཤེར་བྱེད་སྐབས་ཁོང་གིས་ལག་དཔུང་གཉིས་ཀྱིས་རྨི་ལམ་གྱི་ཞིང་དུ་འགྲིམས་པའི་སློབ་བུ་ཚོར་མལ་ཆས་གཡོགས་པ།

སློབ་གསེང་བྱ་འགུལ་སྐབས། མཱ་ཀྲིན་ཧྥ་ནམ་རྒྱུན་སློབ་བུ་དག་དང་འབྲལ་མེད་ངང་བལྟ་རྟོག་བྱེད་བཞིན་ཡོད།

མཱ་ཀྲིན་ཧྥ་ཡིས་བཤད་དོན། ཁོ་རང་ཆེས་དགའ་སའི་སྙན་ངག་ནི་སྙན་ངག་པ་གྲགས་ཅན་པེ་ཅུ་ཡེའི<<རྩྭ>>ཞེས་པའི་སྙན་ངག་དེ་ཡིན་པ་དང་། རྩྭ་ཕྲན་གྱི་ཉམས་པ་མེད་པའི་སྐྱེས་སྟོབས་ལ་ཀུན་ནས་དགའ་ཟེར།
གསར་འགྱུར་མཁོ་སྤྲོད་པ་དང་ཡིག་སྒྱུར་བ། གསར་འགོད་པ་གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-03-11 ལྟ་ཀློག (4035)