ན་གཞོན་རི་མོ་བ་འབྲོག་སྲས་ཀྱི་སྒྱུ་རྩལ་བརྩམས་ཆོས་བདམས་བཀོད།

ན་གཞོན་རི་མོ་བ་འབྲོག་སྲས་ཀྱི་སྒྱུ་རྩལ་བརྩམས་ཆོས་བདམས་བཀོད།

     གཞོན་སྐྱེས་རི་མོ་བ་རྩེ་བསྟན་འཛིན་ནམ་འབྲོག་སྲས་ནི་བརྒྱད་ཅུའི་སྨད་དུ་ཡུལ་རེབ་གོང་གི་ཉེ་བའི་ཆར་རྩེ་ཁོག་སྡེ་བཅུའི་ཁོངས་གཏོགས་ཕ་སོ་ནག་ཚང་ཟེར་བའི་འབྲོག་སྡེ་ཞིག་ནས་ལང་ཚོའི་མྱུ་གུ་ཐོག་མ་འབུས། ཆུང་དུས་སློབ་ཆུང་མཐར་ཕྱིན་རྗེས་ཡུལ་དེ་གའི་དགོན་པར་ཕྱིན་ཏེ་མི་ལོ་བཅུ་ཕྲག་མ་ལོན་ཙམ་ལ་ཐུན་མོང་རིག་གནས་དང་ཐུན་མོང་མ་ཡིན་པའི་རིག་གནས་ལ་སྦྱངས་པ་བྱས། ཁོ་ནི་ཆུང་དུས་ནས་གདོད་མའི་སྲོལ་རྒྱུན་ལ་དགའ་ཞིང་རི་མོའི་སྒྱུ་རྩལ་ལ་ཧ་ཅང་དུང་བའི་འབྲོག་ཕྲུག་རྣལ་མ་ཞིག་ཡིན། མ་ཟད་དཀའ་སྡུག་གི་འགག་མདོ་མང་བོ་བརྒྱུད་དགོས་ཀྱང་རང་གི་རེ་སྙེག་གི་ལམ་ཁ་མི་འདོར་བའི་མི་བུ་སྙིང་སྟོབས་ཅན་ཞིག་ཡིན། སྟབས་ལེགས་པ་ཞིག་ལ་ཁོས་ནུབ་ཕྱོགས་ཁ་ན་ཏའི་རི་མོ་ཁྱིམ་རྒྱུད་ཅིག་ནས་ཡིན་པའི་རི་མོ་བ་གྲགས་ཅན་བསྟན་འཛིན་སྒྲོལ་མ་ཟེར་བ་ཞིག་ངོ་ཤེས་ཤིང་། ལོ་ངོ་བཞིའི་རིང་མོ་དང་མཉམ་དུ་ནུབ་ཕྱོགས་རི་མོ་དང་བོད་ཀྱི་ཐང་ག་སོགས་འབྲི་སྦྱངས་ཀྱི་ཐད་ལ་འབད་པ་བརྒྱ་ཕྲག་བསྟེན་མཐར་རང་གི་ཕུགས་བསམ་དང་རི་མོའི་སྒྱུ་རྩལ་གྱི་ལྟད་མོར་ཆས་མགོ་བརྩམས་བྱུང་།

མཁན་ཆེན་འཇིགས་མེད་ཕུན་ཚོགས།

བྱིས་དུས་ཀྱི་སྣང་བ་ཁྲ་ཁྲ།

ལྷད་མེད་ཀྱི་བརྩེ་འདང་།

འཁྲབ་སྟོན་བུ་མོ།

མ་བུའི་བྱམས་བརྩེ།

གདོད་མའི་འབྲོག་མོ་ཞིག་གི་འཛུམ་མདངས།

གླུ་བ་ཤེར་བསྟན།

གངས་རིའི་བུ་མོ་ཚེ་དབང་ལྷ་མོ།

བསུ་མ།

དད་སྟོབས་ཀྱིས་དྲང་བའི་གསོལ་འདེབས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-01-24 ལྟ་ཀློག (8531)