​མགོ་ལོག​་རྨ་རྒྱལ་མཉམ་སྒྲུབ་ཚོང་སྡེ་ཧྲེང་ཧེ་ཕྱུགས་ལས་ཐོན་རྫས་ཚོང་ཚོགས་སྟེང​་ཞུགས་པ།

མགོ་ལོག་རྨ་རྒྱལ་མཉམ་སྒྲུབ་ཚོང་སྡེ་ཧྲེང་ཧེ་ཕྱུགས་ལས་ཐོན་རྫས་ཚོང་ཚོགས་སྟེང་ཞུགས་པ། 

   མགོ་ལོག་ཁུལ་གངས་ལྗོངས་འབྲོག་ལས་འཕེལ་རྒྱས་མཐུན་ཚོགས་ཀྱི་ཡན་ལག་ཚོང་སྡེ་རྨ་རྒྱལ་འབྲོག་ཡུལ་དངོས་རྫས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེས་ལས་སྣོན་དང་ཐོན་སྐྱེད་བྱས་པའི་དབྱར་རྩྭ་དགུན་འབུ་སོགས་ཐོན་རྫས་སྣ་ཁ་བཅུ་ལྷག་ཟླ་འདིའི་ཚེས་༡༢ཉིན་ཧྲེང་ཧེ་གྲོང་ཁྱེར་གྱི་ཕྱུགས་ལས་ཐོན་རྫས་ཚོང་ཚོགས་སྟེང་འགྲེམས་སྟོན་བྱས་པར་རྒྱ་ཆེའི་འབྲེལ་ཡོད་ལས་ཁུངས་དང་འཛད་སྤྱོད་པས་དགའ་བསུ་ཆེན་པོ་ཐོབ་པ་དང་།གཞན་སུའུ་ཀྲུའུ་གྲོང་ཁྱེར་དང་ཧྲེང་ཧེའི་གྲོང་ཁྱེར་གྱི་ཐོན་རྫས་མཐུན་གཉེར་ཁང་ཁ་ཤས་ཀྱིས་རྗེས་ཕྱོགས་ཀྱི་ཚོང་དོན་ཐད་ངེད་ཚོང་སྡེ་ལ་ཚོང་འབྲེལ་གན་རྒྱ་བཞག


ཧྲེང་ཧེ་གྲོང་ཁྱེར་ཕྱུགས་ལས་ཐོན་རྫས་ཚོང་ཚོགས་སྟེང་གི་རྨ་རྒྱལ་ཚོང་སྡེ།


རྨ་རྒྱལ་ཚོང་སྡེའི་ཐོན་རྫས་གསར་བ། 


རྨ་རྒྱལ་ཚོང་སྡེའི་ཐོན་རྫས་གསར་བ། 


ཚོང་འབྲེལ་གན་རྒྱ་འཇོག་བཞིན་པ། 


ཚོང་འབྲེལ་མཉམ་པར། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2017-01-14 ལྟ་ཀློག (3705)