དཔེ་འཕྲིན་འདི་ལ་དོ་ཁུར་ཡོད་པར་ཞུ།

དཔྱད་གླེང་ཤོག་དྲིལ་མའི་རྒྱབ་ཤོག


དཔྱད་གླེང་ཤོག་དྲིལ་མའི་དཀར་ཆག

དཔྱད་གླེང་ཤོག་དྲིལ་མ།

རྩོམ་པ་བོ་བརྩམས་སྦྱོར་མདོར་བསྡུས།

     ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་རྒན་གྲས་ནག་བཟའ་བློ་བཟང་ཆོས་འཕེལ་ལམ་འབའ་སྣང་གྲོལ་ལགས་ནི་སློབ་གླིང་འདི་གར་སློབ་མཐར་ཕྱིན་རྗེས་སྔ་ཕྱིར་བླ་བྲང་བཀྲ་ཤིས་འཁྱིལ་དང་བོད་ལྗོངས་སློབ་ཆེན།  ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་སོང་ནས་བོད་རང་གི་རིག་གནས་ལ་འབད་པ་ལྷོད་མེད་བྱས་ཤིང་།  ད་ལྟ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་ཚིགས་རྩོམ་སྒྲིག་པ་དང་།  ཐོན་མིའི་སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོ།  འཇིགས་མེད་རྒྱལ་མཚན་སློབ་གསོའི་བློ་འདྲི་ཚད་ཡོད་མཐུན་གཉེར་ཁང་གི་ལས་འཛིན་པ།   ཟི་ལིང་ཐོན་མིའི་སློབ་གསོའི་ཞབས་ཞུ་ལྟེ་གནས་ཀྱི་འགན་ལེན་པ།  ཉི་འོད་ཐེབས་རྩ་ཚོགས་པའི་ལས་འཛིན་པ།  ནག་བཟའ་ཕ་ཁྱིམ་བདག་སྐྱོང་ཚོགས་པའི་ཚོགས་གཙོ་སོགས་ཀྱི་འགན་ཁུར་མུས་ཡོད་ཅིང་།    སློབ་སྦྱོང་གི་སྔ་ཕྱིར་༼འོད་ཀྱི་ཞབས་རྗེས༽ ༼གངས་ཁྲོད་ནས་འཕྱུར་བའི་སེམས་ཀྱི་འཕར་སྒྲ༽  ༼ལས་དབང་གསར་བརྗེ༽ ༼སྣང་བ་གྲོལ་བའི་མགུར༽ སོགས་པར་དུ་བསྐྲུན་པར་མ་ཟད།  ད་དུང་པར་དུ་མ་འཁོད་པའི་༼གནའ་བོའི་མི་ཆོས་ཀྱི་སློབ་གསོའི་རྣམ་བཤད༽    ༼ འཇིག་རྟེན་གྱི་རང་མྱོང་དཔྱད་གྲུབ་མ༽   ༼ལམ་དང་བདེན་པ༽ སོགས་བརྩམས་གྲུབ་གནང་ཡོད་ཅིང་།   ད་རེབ་ཁོའི་ལོ་ངོ་འགའི་རིང་གི་དཔྱད་རྩོམ་དང་འབོལ་རྩོམ།  བཅར་འདྲི།   གཏམ་བཤད་རེ་འགའ་ཕྱོགས་གཅིག་དུ་བསྡུས་པའི་དེབ་༼ དཔྱད་གླེང་ཤོག་དྲིལ་མ༽ ཞེས་པ་སྤྱི་ཟླ་དང་བོའི་ཚེས་བཅུ་བདུན་ཉིན་ནས་བཟུང་ཟི་ལིང་གི་རིག་བཅུའི་དཔེ་ཁང་དང་།  མངས་ཚོགས་སྒྱུ་རྩལ་དཔེ་ཁང་།  ན་གཞོན་གསར་བའི་དཔེ་ཁང་།  ཞོགས་དུང་དཔེ་ཁང་།   འབའ་རྫོང་གཙུག་ལག་འཕྲེང་བའི་དཔེ་ཁང་དང་ཆོས་དཔེ་ཁང་།  མགོ་ལོག་རླབས་གསར་དཔེ་ཁང་སོགས་ནས་འགྲེམ་སྤེལ་བྱ་འཆར་ཡོད་པས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་མངགས་ཉོ་དང་སིལ་ཉོ་གནང་བར་དགའ་བསུ་ཞུ། 

 

ཚོང་འབྲེལ།

18909750303

18946885460


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2017-01-12 ལྟ་ཀློག (9279)