འཛུགས་སྐྲུན་ཁེ་ལས་ལ་བཀག་སྡོམ་བྱེད་པའི་ཧྥ་རན་སིའི་གྲོང་ཚོ་ཆུང་ཆུང་།

འཛུགས་སྐྲུན་ཁེ་ལས་ལ་བཀག་སྡོམ་བྱེད་པའི་ཧྥ་རན་སིའི་གྲོང་ཚོ་ཆུང་ཆུང་།

             2016/07/07     10:05:21

    གཡུ་མདོག་གི་མཚོ་འགྲམ་དེ་ནི་ཧྥ་རན་སིའི་ཤར་ལྷོ་དང་ཡོ་རོབ་ཀྱི་ལྷོ་ཕྱོགས་སུ་ཡོད་ཅིང་། དེ་ཡང་མཚར་སྡུག་ཉི་མའི་འོད་སྣང་དང་དྭངས་གཙང་གི་མཁའ་དབུགས། མཛེས་ཤིང་ཡིད་དུ་འོངས་པའི་གྲམ་ཐང་སོགས་མིང་དོན་གཉིས་ལྡན་གྱི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཡུལ་སྐོར་ལྗོངས་རྒྱུ་བ་རྣམས་སྤྲིན་ལྟར་འདུ་བའི་གནས་མཆོག་ཅིག་ཡིན་ལ། ཧྥ་རན་སིའི་ཆེས་མཛེས་སྡུག་ལྡན་པའི'ཐང་དཀར་གྲོང་ཚོ'ཞེས་པའི་སྙན་པ་འཕུར་བའིEzeནི་གཡུ་ཡི་ཞུན་མ་ཐང་ལ་འཁྱིལ་འདྲའི་མཚོ་འགྲམ་འདིིའི་མུ་ཏིག་རྡོག་གཅིག་ཡིན།

    Ezeནི་དུས་རབས་དཀྱིལ་མར་བཞེངས་བསྐྲུན་བྱས་པའི་གནའ་བོའི་རྡོ་བའི་གྲོང་རྡལ་ཞིག་ཡིན་ཏེ། དེ་ཡང་མཚོ་འགྲམ་གྱི་བྲག་རི་ཆེན་པོ་ཞིག་གི་སྤོ་རུ་ནེ་སི་དང་མཱོ་ན་ཀི་གཉིས་ཀའི་བར་དུ་ཆགས་ཡོད་པའི་གྲོང་ཚོ་ཆུང་ཆུང་ཞིག་ཡིན་པ་དང་། མི་རྣམས་ཀྱིས་ཐང་དཀར་གྲོང་ཚོ་ཞེས་མཚན་སྙན་ཀྱང་ཕུལ་ཡོད། གྲོང་ཚོ་འདིའི་ཐུན་མོང་མ་ཡིན་པའི་གདོད་མའི་རྣམ་པ་དང་ཁྱད་ཆོས་དག་སོར་འཇོག་དང་སྲུང་འཛིན་བྱ་སླད། ས་གནས་སྲིད་གཞུང་གིས་གནས་འདིར་ཁེ་ལས་སུ་གཅིག་གིས་ཀྱང་གསར་སྤེལ་དང་འཛུགས་སྐྲུན་བྱེད་མི་ཆོག་པ་ཡིག་ཐོག་ཏུ་བཀོད་དེ་གཏན་ཁེལ་བྱས་ཡོད།

   བཤད་ཚུལ་ལྟར་ནEzeཞེས་པའི་མིང་འདི་ནི་ཨེབ་ཅེའི་ལྷ་མོ་དབྱི་ཞིས་སི(Isis)ལས་བྱུང་བར་གྲགས། ལྷ་མོ་དེ་ཉིད་ནི་ཕུགས་བསམ་གྱི་ཡུམ་ཆེན་དང་བཙུན་མོ་རུ་མཆོད་བཀུར་བྱེད་པ་དང་། རང་བྱུང་དང་རྫུ་འཕྲུལ་ལ་མངའ་བརྙེས་པའི་སྲུང་མ་ཞིག་ཡིན་ལ། གཤིན་པོའི་རྣམ་ཤེས་དང་བྱིས་པར་མགོན་སྐྱབས་གནང་བའི་ལྷ་སྲུང་ཞིག་ཀྱང་ཡིན་ནོ།།

མཛེས་ཤིང་ཡིད་དུ་འོང་བའི་གདོད་མའི་གྲོང་ཚོ།Eze

ཡིག་སྒྱུར་བ་དང་གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ།  གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-01-08 ལྟ་ཀློག (3579)