སྤོས་ལྡན་བོད་ཁྲོམ་གྱིས་ལྡོང་ཡོན་ཏན་རྒྱ་མཚོ་གདན་དྲངས་པ།

སྤོས་ལྡན་བོད་ཁྲོམ་གྱིས་ལྡོང་ཡོན་ཏན་རྒྱ་མཚོ་གདན་དྲངས་པ།

     སྤྱི་ལོ་༢༠༡༦ལོའི་སྤྱི་ཟླ་༡༢པའི་ཚེས་༡༣ཉིན་སི་ཁྲོན་ཁྲིན་ཏུའུ་བོད་མིའི་ཚོང་རྭའི་སྤྱི་གཉེར་པ་ཆེན་མོ་ཨ་བསྟན་དང་རྒྱལ་མཚན་ཨོ་པས་སོགས་ཀྱིས་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གདན་དྲངས་ནས་སྤོས་ལྡན་བོད་ཁྲོམ་ལ་བཏོན་པའི་རེ་བ་ཁ་ཤས་ཞེས་པའི་བརྗོད་གཞིའི་ཐོག་རྒན་ལགས་ཀྱིས་གསུང་བཤད་ཟབ་རྒྱས་གནངས་ཡོད།

     ཐེངས་འདིའི་ཚོགས་ཞུགས་སུ་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་གཙོ་འགན་པ་མཁན་འཇམ་བློ།  མཛོད་དགེ་སྟག་ཚ་དགོན་པའི་དགེ་བཤེས་ཨར་མའི་དགའ་བ་རྒྱ་མཚོ། ཨེ་འགོག་པ་ཆོས་དཔལ་བཟང་པོ།  ཨ་ཁུ་སྟོན་པ་ཚང་གི་འཇམ་དབྱངས། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་དང་སློབ་མ། ཡང་ན་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་ཉན་མཁན་བརྒྱ་ཕྲག་ལོངས་པ་ཞིག་འཛོམས་ནས་ཁོང་གི་གསུང་བཤད་ལ་གསན་གཟིགས་གནང་ཡོད་པར་མ་ཟད།  དུས་རབས་ཀྱི་འགྲོས་དང་མཐུན་པའི་ཐད་གཏོང་美拍ནང་དུ་འཛམ་གླིང་ཤར་ནུབ་ཀྱི་གྲོགས་པོ་མང་བོ་མཉམ་ཞུགས་ཀྱི་གོ་སྐབས་བསྐྲུན་ནས་ཁོང་གི་བོད་ཁྲོམ་ལ་བཏོན་པའི་རེ་བ་ཁ་ཤས་ལྷན་གཅིག་ཏུ་གཟིགས་གནང་ཐུབ་པ་བྱུང་ཡོད།


གསུང་བཤད་གནང་བཞིན་པའི་ཡུལ་དངོས།


གསུང་བཤད་གནང་བའི་ཡུལ་དངོས།


      ཚོགས་འདུ་རྒྱལ་ཁ་དང་གཟི་བརྗིད་ངང་མཇུག་གྲོལ་ཏེ་ཁྲིན་ཏུའུ་བོད་ཁྲོམ་གྱི་སྦྱིན་བདག་ཨ་བསྟན་དང་རྒྱལ་མཚན་ཨོ་པས་སོགས་ལ་བོད་ཁྲོམ་གྱི་མ་འོངས་པར་བཀའ་སློབ་ཡིད་འཁུལ་བ་མང་བོ་གནངས་ཡོད།

   གཤམ་ནས་བརྙན་ཆ་ཚང་ལ་གཟིགས་ཆོག



རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2016-12-13 ལྟ་ཀློག (5947)