མི་སྲོག་བསྐྱབས་པའི་གླང་ཆེན།

མི་སྲོག་བསྐྱབས་པའི་གླང་ཆེན།

            2016/10/24     07:00:00


     དབྱིན་ཇིའི<<ཉིན་རེའི་ཡིག་ཟམ་ཚགས་པར>>གྱིས་ཟླ10བའི་ཚེས16ཉིན་སྤེལ་བ་ལྟར་ན། ཉིན་འདི་དག་གི་རིང་གླང་བོ་ཆུང་ཆུང་ཞིག་གིས་སྤོབས་པ་ཆེན་པོས་ལས་བཟོ་བ་ཞིག་གི་སྲོག་བསྐྱབས་པའི་བརྙན་ཐུང་ཞིག་དྲ་བ་རུ་ཡོངས་ཁྱབ་ཏུ་བཀྲམ་བཞིན་ཡོད་ལ། མི་དང་གླང་ཆེན་གྱི་བརྩེ་བ་ལྷད་མེད་དེས་དྲ་དམངས་ཁྲི་ཕྲག་བཅུ་ལས་བརྒལ་བར་སེམས་འགུལ་ཐེབས་པར་བྱས་ཡོད།


       བརྙན་ཐུང་ནང་དུ་ཐེ་གོ་ཆིན་མེ་གླང་ཆེན་རང་བྱུང་སྤྱི་གླིང་གི་ལས་བཟོ་བ་ཏི་ལེ་ཁི•ཐང་མོ་སིན(Darrick Thomson)གཙང་བོར་ལྷུང་ནས་སྐད་ཅོར་བརྒྱབ་པ་དེ་གཙང་འགྲམ་གྱི་གླང་མོ་ཆུང་ཆུང་ཁཱ་མོ(Kham)ཟེར་བ་དེས་ཐོས་རྗེས་ཐེ་ཚོམ་ཅི་ཡང་མེད་པར་དེ་མ་ཐག་དྲག་ཏུ་འབབ་པའི་གཙང་བོ་བརྒལ་བ་རེད།

གླང་མོ་ཆུང་ཆུང་ཁཱ་མོས(Kham)སྲོག་སྐྱོབ་རོགས་ཞེས་པའི་འོ་དོད་ཐོས་རྗེས་དེ་མ་ཐག་དྲག་ཏུ་འབབ་པའི་གཙང་བོ་བརྒལ་བཞིན་པ།

གླང་མོ་ཆུང་ཆུང་ཁཱ་མོས་རང་གི་ལུས་ཕུང་དང་སྣ་ཞགས་རིང་བོས་ཏེ་ལེ་ཁི་བདེ་འཇགས་འོང་ཐབས་བྱས་པ་དང་ཁོ་རང་དལ་བུར་གཙང་འགྲམ་དུ་བསྐྱལ་བ་རེད།

གོ་རིམ་འདིའི་ཁྲོད་དུ་ཏེ་ལེ་ཁིས་གླང་བོའི་དཔུང་བར་འཐམས་ནས་ཡོད་པ་དང་ཁོས་བརྙན་མིག་ལ་ཁ་གཏད་དེ་དགའ་སྤྲོའི་འཛུམ་མདངས་བསྟན།

   རྒྱུས་ལོན་བྱུང་བ་ལྟར་ན། གླང་བོ་ཆུང་ཆུང་ཁཱ་མོ་ནི་ཏེ་ལེ་ཁིས་སྤྱི་ལོ2015ལོར་ཡུལ་སྐོར་སྤྲོ་གསེང་ལས་རིགས་ཁྲོད་ནས་གླང་ཆེན19བསྐྱབས་པའི་གྲས་ཀྱི་གཅིག་ཡིན། ཁོ་རང་ཚོ་དུས་རྒྱུན་མཉམ་འགྲོ་མཉམ་འདུག་བྱས་པའི་དབང་གིས་རིམ་གྱིས་བརྩེ་བ་ཟབ་མོ་ཆགས་ཡོད།

དོན་དངོས་སུ། འདི་ནི་ཏེ་ལེ་ཁིས་བསམ་བཞིན་དུ་ཆུར་ལྷུང་ཁུལ་བྱས་ཏེ་གླང་བོ་ལ་ཚོད་བགམ་ཐེངས་ཤིག་བྱས་པ་ཞིག་ཡིན། ཏེ་ལེ་ཁིས་བཤད་དོན། གལ་སྲིད་མིའི་རིགས་ཀྱིས་སྲོག་ཆགས་གཞན་དག་གང་ཡིན་ནའང་བྱམས་ཀྱིས་བསྐྱངས་ན་དེ་དག་གི་བླ་ན་མེད་པའི་དྲིན་གཟོའི་བརྩེ་བ་ཐོབ་ཐུབ་པོ།།

ཡིག་སྒྱུར་བ་དང་གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ།  གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-12-07 ལྟ་ཀློག (5111)