ན་གཞོན་རི་མོ་བ་རྒྱ་བཟའ་ཐུབ་པའི་བརྩམས་ཆོས་བདམས་བཀོད།

ན་གཞོན་རི་མོ་བ་རྒྱ་བཟའ་ཐུབ་པའི་བརྩམས་ཆོས་བདམས་བཀོད།

    རི་མོ་བ་རྒྱ་བཟའ་ཐུབ་པ་ནི༡༩༧༦ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྨ་ཡུལ་རོང་བོ་བློན་ཆོས་ཀྱི་ཡ་གྱལ་རྒྱ་བཟའ་སྡེ་བ་རུ་སྐྱེས་ཤིང་།   ཆུང་དུས་སུ་གཏེར་སྟོན་རིན་པོ་ཆེ་མདུན་དུ་ཡི་གེ་འབྲི་ཀློག་སྦྱང་བ་དང་།  མདོ་སྨད་ངྷི་ཚ་དགོན་ཆེན་དང་སྐུ་འབུམ་བྱམས་པ་གླིང་བླ་བྲང་བཀྲ་ཤིས་འཁྱིལ་སོགས་ནས་བསྡུས་ཚད་བློ་རྟག་སྒྲ་རྩིས་སྙན་ངག་སོགས་སུ་བཤེས་གཉེན་ཆེན་པོ་ཨ་ཁུ་རིན་པོ་ཆེ་བློ་བཟང་རྡོ་རྗེ་ཚང་སོགས་སྐྱེས་ཆེན་དུ་མའི་ཞབས་པད་སྦྱི་བོར་བཀོད་དེ་གསན་སྦྱངས་མཛད།    རི་མོ་འབྲི་བར་ཧ་ཅང་དགའ་བས་ཞོར་དུ་གྱང་ངོས་དང་རྡོ་ལེབ་ཤོག་བུ་སོགས་སུ་རི་མོ་སྣ་ཚོགས་བྲིས་ཏེ་རང་སྦྱོང་བྱས།    སྐབས་དེར་བྲིས་བས་པཎ་ཆེན་སྐུ་ཕྲེང་བཅུ་བར་བོད་རིགས་རི་མོའི་འགྲན་བསྡུར་ཁྲོད་ཨང་དང་པོའི་མཚན་སྙན་ཐོབ།  རྗེས་སུ་བོད་ཀྱི་དེང་རབས་རི་མོའི་དེད་དཔོན་ཨ་མདོ་བྱམས་པ་ལགས་དང་ལྷ་བྲིས་མཁས་དབང་བློ་བཟང་མཆོག་གི་མདུན་དུ་རི་མོ་འབྲི་སྦྱོང་བྱས་བ་དང་།  ཀྲུང་དབྱངས་མི་རིགས་སློབ་ཆེན་སོགས་སུ་དེང་རབས་རི་མོ་བྲིས་འབུར་སྣ་ཚོགས་ལ་སྦྱངས།  ཁོ་བོའི་རི་མོ་བརྩམ་ཆོས་ལ་ ༼པཎ་ཆེན་སྐུ་ཕྲེང་བཅུ་བ༽  ༼རྒྱལ་པོ་བསོད་ནམས་སྟོབས༽  ༼རྨ་ཆེན་གངས་རིའི་གནས་སྐོར་ཆེན་མོའི་དྲན་རྟེན༽ ༼ཨ་རོལ་རིན་པོ་ཆེ༽   ༼དགེ་ཆོས༽    ༼སྲོང་བཙན་སྒམ་པོ༽  སོགས་ཤིན་ཏུ་མང་པོ་ཡོད་ལ།  སྲོང་བཙན་སྒམ་པོ་ཞེས་པའི་བརྩམ་ཆོས་ཀྲུང་གོའི་དམངས་སྲོལ་སྒྱུ་རྩལ་ཕུལ་བྱུང་འགྲེམ་སྟོན་ཆེན་མོ་རུ་བདམས་ཐོན་བྱུང་།   ཁོའི་བརྩམ་ཆོས་སྣ་ཚོགས་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ཐང་མང་འགྲེམ་སྟོན་བྱས་པར་དགའ་བསུ་ཆེན་པོར་ཐོབ།   ད་ལྟ་ཁོ་རང་མཚོ་སྔོན་ཞིང་ཆེན་ཐང་ག་སྒྱུ་རྩལ་ལྷན་ཚོགས་ཀྱི་འགན་འཛིན་པ་དང་།  མཚོ་སྔོན་རྒྱ་བཟའ་རིགས་གནས་སྒྱུ་རྩལ་བརྒྱུད་བསྒྲགས་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གི་སྤྱི་གཉེར་བ་བཅས་ཀྱི་འགན་ཁུར་ཡོད།

སྲོང་བཙན་སྒམ་པོ།

པན་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོ།

མཁས་དབང་དགེ་འདུན་ཆོས་འཕེལ།

སྐུ་ཕྱོགས་ཨ་རོལ་རིན་པོ་ཆེ།

ཆུ་ཁུར་བུ་མོ།

གློག་བརྙན་འཁྲབ་ཁྲིད་པ་ཐར་ལོ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-12-06 ལྟ་ཀློག (4731)