ཨ་རི་བས་བྱིས་པར་སློབ་གསོ་སྤྲོད་ཐབས་ཀྱི་ཁྲིམས་སྲོལ་བཅུ་གཅིག

ཨ་རི་བས་བྱིས་པར་སློབ་གསོ་སྤྲོད་ཐབས་ཀྱི་ཁྲིམས་སྲོལ་བཅུ་གཅིག


ས་ལེ་སྦྲམ་གྱིས་བསྒྱུར།

        ༡༽ ལྡན་དགོས་པའི་ཁྲིམས་སྲོལ། བྱིས་པ་འཕྲོད་བསྟེན་ལྡན་པའི་ཁོར་ཡུག་ཅིག་ནས་འཚར་ལོངས་འབྱུང་བར་ཁག་ཐེག་བྱ་དགོས།
        (དཔྱད། ) ང་ཚོ་ཚང་མས་ཤེས་གསལ་ལ། འཕྲོད་བསྟེན་ལྡན་པའི་ཁྱིམ་ཚང་གི་ཁོར་ཡུག་ནི་སློབ་གསོའི་འཚར་ལོངས་ལ་ཧ་ཅང་གལ་ཆེན་ཡིན།བྱིས་པ་འཕྲོད་བསྟེན་ལྡན་པའི་ཁྱིམ་ཚང་གི་སྣང་ཚུལ་ཁྲོད་ནས་ཤུགས་རྐྱེན་ཐེབས་ཏེ་འགྱུར་བ་འགྲོ་བར་བྱ་དགོས།འོན་ཀྱང་ང་ཚོས་ལག་པ་བྲང་ཁར་བཞག་ནས་རང་ཉིད་ལ་དྲིས་དང༌། ངའི་ཁྱིམ་ཚང་དུ་འཕྲོད་བསྟེན་ལྡན་ནམ།     
        ༢༽རེ་བའི་ཁྲིམས་སྲོལ། ནམ་ཡང་བྱིས་པ་རེ་བས་ཁེངས་པར་བྱ་དགོས།
        (དཔྱད།) བྱིས་པ་ནི་མ་འོངས་པ་ཡིན་ལ་རེ་བའང་ཡིན། དེ་བས་བྱིས་པ་རེ་བས་ཁེངས་པར་བྱ་ལོས་དགོས།འོན་ཀྱང༌། ང་ཚོས་རྒྱུན་དུ་རྒྱུ་མཚན་ཡོད་མེད་ཀྱིས་བྱིས་པར་རེ་བ་མེད་པ་བྱེད་པ་མ་རེད་དམ།གལ་ཏེ་བྱིས་པའི་རྒྱུགས་འབྲས་ཡག་པོ་མ་བྱུང་བའི་སྐབས། ང་ཚོས་གདུག་རྩུབ་ཆེན་པོས་བྱིས་པར་གཤེ་རྡུང་གི་སྦྱོར་བ་རྩོམ་པ་མ་རེད་དམ།ང་ཚོས་སྙིང་ཁོང་རུས་པའི་གཏིང་ནས་ཁོང་ལ་སྤོབས་པ་སྩོལ་པའི་ཚིག་རྒྱན་དང་སྐོར་གཏམ་བཤད་མེད་པ་མ་ཡིན་ནམ།
        ༣༽སྟོབས་ཤུགས་ཁྲིམས་སྲོལ། ནམ་ཡང་བྱིས་པ་ལ་འགྲན་འཛུགས་མི་ཉན།
        (དཔྱད།) འདི་འདྲ་བྱ་ཐུབ་བམ། དོན་དག་ག་གེ་མོའི་ཐད་བྱིས་པས་ང་ཚོའི་ལ་རྒྱ་ལ་འགོག་རྐྱེན་བཟོ་ངེས།ང་ཚོས་དེ་ལ་གནས་ལུགས་བགྲང་སྲིད། ཡང་ན་ཁྱིམ་བདག་གི་ཐོབ་ཐང་སྤྱད་ནས་བྱིས་པར་གནོན་ཤུགས་སྤྲོད་དམ།ང་ཚོས་རྒྱུན་དུ་བྱིས་པའི་མགོ་མནན་ནས་ཆ་རྐྱེན་ཅི་ཡང་མེད་པར་བྱིས་པས་ཁྱེད་ལ་ཞབས་ཞུ་སྒྲུབ་ཏུ་འཇུགའདིས་ཁྱེད་རང་ཁྱིམ་བདག་ཅིག་བྱས་པའི་རང་བཀུར་གྱི་བསམ་པ་ཚིམ་མམ།
        ༤༽དོ་དམ་ཁྲིམས་སྲོལ། བྱིས་པ་ནར་མ་སོན་སྔོན་ལ་དོ་དམ་བྱ་རྒྱུ་ནི་ཕ་མའི་འོས་འགན་རེད།
        (དཔྱད། ) དོ་དམ་དམ་པོ་བྱ་རྒྱུ་མེད། དོ་དམ་བྱེད་པ་དང་གློད་པ་གཉིས་ཀ་བྱ་དགོས། འོན་ཀྱང༌།ང་ཚོ་དོ་དམ་ཞེས་པའི་རྩ་དོན་འདི་ལ་བྱང་ཆ་ཡོད་དམ།

        ༥༽སྐད་ཆའི་ཁྲིམས་སྲོལ། ཁོང་ཚོའི་སྐད་ཆ་ལ་ཡག་པོ་ཉན་དགོས།
        (དཔྱད། ) བྱིས་པའི་སེམས་གཏམ་ཉན་སྟངས་ཤེས་དགོས། པུས་མོ་བཙུགས་ནས་བྱིས་པར་སྐད་ཆ་བཤད་ཐབས་ཤེས་དགོས་ལ།བྱིས་པའི་རྣམ་འགྱུར་དང་རང་བཀུར་གྱི་ཕྱོགས་ནས་ལངས་ཏེ་བྱིས་པའི་དྲི་བར་བསམ་བློ་གཏོང་བའི་བྱ་ཐབས་ཤེས་དགོས།ང་ཚོས་དེ་དག་ཤེས་སམ། འོན་ཀྱང་ང་ཚོ་ཕལ་ཆེ་བས་རང་ཉིད་ཀྱི་རྣམ་འགྱུར་དང་རང་མཐོང་གི་ཁྲོད་ནས་བྱིས་པར་ངེས་པར་བསམ་བློ་འཁོར་ཐུབ་པ་བྱེད་ཀྱི་འདུགའོ་ན་བྱིས་པ་འདི་དེ་ལ་སྤྲོའམ།

        ༦༽མིག་དཔེའི་ཁྲིམས་སྲོལ། ཁ་བཤད་དཔེ་སྟོན་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེ།
        (དཔྱད། ) རང་ཉིད་ལྷོད་ནས་བཞག བྱིས་པར་དམ་པོ་བྱས་ན། བྱིས་པར་ཁ་ཞེ་གཉིས་མོས་ཤིག་ཇི་ལྟར་ཡོང་ངམ།ཁ་བཤད་དཔེ་སྟོན་ཞེས་པའི་གནས་ལུགས་འདི་སུས་ཀྱང་ཤེས། འོན་ཀྱང་སྒྲུབ་དུས་ཧ་ཅང་དཀའ། གང་ལྟར།བྱིས་པ་དང་བྱིས་པའི་མིག་མདུན་དུ་གཡོ་བའི་ཁྱེད་ཀྱི་ངང་ཚུལ་དེའི་སླད་དུ། རང་ཉིད་ཀྱི་སྐད་ཆ་རེ་རེ་དང་འགུལ་སྐྱོད་རེ་རེ་ལ་དོ་སྣང་བྱ་དགོས།

        ༧༽མཐུན་ཐབས་དང་མི་མཐུན་སོར་འཇོག་གི་ཁྲིམས་སྲོལ། བྱིས་པའི་འཇིག་རྟེན་ལྟ་ཚུལ་ལ་བརྩི་བཀུར་དང་ཁོང་ཚོར་རྒྱུས་ལོན་ཡག་པོ་བྱ་དགོས།
        (དཔྱད། ) བྱིས་པ་ཆུང་ཆུང་ཞིག་ཡིན་ཡང་རང་ཉིད་ལ་རང་བཀུར་གྱི་བསམ་པ་ཡོད། ཁོང་ཚོ་ཡང་དོན་ཆེན་སྒྲུབ་པའི་མི་ཡིན་ན་གུས་བཀུར་བྱ་འོས་ལོས་ཡིན།མ་ཟད་བརྩི་མཐོང་གི་ཆེས་མཐོའི་ཁ་ཕྱོགས་ནི་རྒྱུས་ལོན་རེད། བྱིས་པའི་བསམ་བློ་ལ་ཚོད་དཔག་བྱེད་དཀའ།གལ་ཏེ་ཚོད་དཔག་ཐུབ་ཀྱི་མེད་ལ་སྔོན་ལ་གུས་བཀུར་བྱས་རྗེས་ད་གཟོད་ཤོད།

        ༨༽གྲུབ་འབྲས་ཁྲིམས་སྲོལ། བྱིས་པར་ལག་ལེན་ལས་ཐོན་པའི་གྲུབ་འབྲས་ལ་རྒྱུས་ལོན་ཐུབ་པ་བྱ་དགོས།
        (དཔྱད། ) གྲུབ་འབྲས་རང་འགན་རང་འཁུར་གྱི་དོན་གནད་འདི་བྱིས་པར་ངོས་ཟིན་པ་བྱ་རྒྱུ་ཧ་ཅང་གལ་ཆེ། གཞན་བརྟེན་དང་སློབ་གསོ་གཅིག་པུས་མི་ཆོག་པར་བྱིས་པར་དཀའ་བ་དང་དུ་ལེན་འཇུག་ རྒྱུ་དེ་ཡང་ཧ་ཅང་དགོས་ངེས་ཤིག་རེད།འདིས་ལས་སླ་བོའི་སྒོ་ནས་བྱིས་པའི་དྲན་ཤེས་འཕེལ་བར་བྱ་ཐུབ།

        ༩༽གྲུབ་ཆའི་ཁྲིམས་སྲོལ། བྱིས་པར་ཆུང་དུས་ནས་ཀུན་སྤྱོད་དང་ཁྲིམས་ལུགས་ཀྱི་ས་མཚམས་ལ་རྒྱུས་ལོན་ཐུབ་པར་སློབ་གསོ་སྤྲོད་དགོས།
        (དཔྱད། ) འདི་བྱིས་པའི་འཚར་ལོངས་ལ་ཁེ་ཕན་ཆེན་པོ་ལྡན། འོན་ཀྱང༌། ང་ཚོ་ཕལ་ཆེ་བས་འདི་སྣང་མེད་དུ་བཞག་ཡོད།

        ༡༠༽མཱ་༢༠ ཁྲིམས་སྲོལ། བྱིས་པའི་རང་དབང་གི་ཁ་ཕྱོགས་ལ་བརྩི་མཐོང་བྱ་དགོས། ཉུང་མཐའ་ཡང་མཱ་༢༠ཡི་བར་ཐག་དགོས།
        (དཔྱད།) བྱིས་པར་རང་དབང་གི་མཁའ་དབྱིངས་ཤིག་སྤྲོད་དགོས། འདི་ནི་བྱིས་པའི་འབོད་སྐད་ཡིན།བྱིས་པར་རང་ཐག་རང་གཅོད་བྱ་འཇུག་དགོས། འདི་ནི་བྱིས་པའི་མ་མཐའི་རེ་བ་ཡིན། ང་ཚོས་དེ་འདྲའི་རང་དབང་དེ་ཁོང་ཚོར་སྤྲོད་ཀྱིན་ཡོད་དམ།ང་ཚོས་མིང་བྱང་མཐོན་པོ་ཞིག་ཁྱེར་ནས་ཁོང་ཚོའི་རང་དབང་གི་མཁའ་དབྱིངས་འཕྲོག་མི་ཉན། རྒྱུ་མཚན་ཅི་ཞིག་ཡོད་ཀྱང་བྱིས་པ་ནི་དེར་མི་དགའོ།།
        ༡༡༽ Wབཞིའི(Whom, where,What,When)་ཁྲིམས་སྲོལ། ཕ་མས་ག་དུས་ཡིན་ཡང་བྱིས་པ་སུ་དང་མཉམ་དུ་ཡོད་པ་དང་གང་དུ་ཡོད་པ།ཅི་ཞིག་བྱེད་ཀྱིན་པ། ག་དུས་ཕྱིར་ནང་དུ་ལོག་ཡོང་བ་བཅས་ལ་རྒྱུས་མངའ་ཡོད་པ་བྱ་དགོས།
        (དཔྱད། ) འདི་ནི་ཧ་ཅང་གལ་ཆེན་ཡིན། དེང་སང་གི་སྤྱི་ཚོགས་སུ་བདེ་འཇགས་མ་ཡིན་པའི་རྒྱུ་རྐྱེན་མང་པོ་ཡོད།བྱིས་པ་བདེ་བླག་ངང་ནར་སོན་པ་དང་དུས་ལྟར་བྱིས་པའི་འགུལ་སྐྱོད་ལ་རྒྱུས་ལོན་བྱ་རྒྱུ་གལ་ཆེ།

རྩོམ་ཡིག་མཁོ་སྤྲོད་པ།  བན་ཤུལ་འབྲུག་ལྷ་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-12-05 ལྟ་ཀློག (4884)