སློབ་དཔོན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་མཆོག་གིས་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་དུ་འཆད་ཁྲིད་གནང་བ།

སློབ་དཔོན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་མཆོག་གིས་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་དུ་འཆད་ཁྲིད་གནང་བ།

     སྤྱི་ལོ་༢༠༡༦ལོའི་སྤྱི་ཟླ༡༢པའི་ཚེས་༢ཉིན་གྱི་དགུང་མོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྨད་ཀྱི་ཚོགས་ཁང་ཆེན་མོ་རུ་ཐོན་མིའི་རིག་གནས་བརྗེ་རེས་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་གནང་བའི་༼འཆད་ཁྲིད་ཐོན་མིའི་དགོངས་རྒྱན་༽སྟེང་སློབ་དཔོན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་༼སློབ་མའི་བསམ་བློ་དང་ཀུན་སྤྱོད། ༽ཅེས་པའི་བརྗོད་གཞི་དང་འབྲེལ་བའི་སྐོར་གྱི་འཆད་ཁྲིད་ཟབ་་རྒྱས་གནང་བར་ཚོགས་ཞུགས་དགེ་སློབ་ཡོངས་ཀྱིས་དགའ་བསུ་བླ་མེད་ཐོབ།

སློབ་དཔོན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་མཆོག་ཕེབས་བསུ་གནང་བཞིན་པ།

སློབ་སྦྱོང་བྱ་ཚུལ་ལས་འཕྲོས་ཏེ་བསམ་བློ་ཀུན་སྤྱོད་སྐོར་གྱི་འཆད་ཁྲིད་གནང་བ།

སློབ་མ་རྣམས་སྤྲོ་སྣང་ལྡན་པའི་ངང་འཆད་ཁྲིད་ལ་ཉན་བཞིན་པ།

དགེ་རྒན་གྱི་ལིང་འཇིགས་མེད་ཀྱིས་འཆད་ཁྲིད་ཀྱི་མཇུག་བསྡོམས་གནང་བ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-12-03 ལྟ་ཀློག (6638)