བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་དང་འབྲེལ་ཏེ་བདེ་ཐང་འཕྲོད་བསྟེན་སྐོར་གླེང་བ།

བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་དང་འབྲེལ་ཏེ་བདེ་ཐང་འཕྲོད་བསྟེན་སྐོར་གླེང་བ།

འཆད་ཁྲིད་ཐོན་མིའི་དགོངས་རྒྱན།

      སྤྱི་ལོ་༢༠༡༦ལོའི་སྤྱི་ཟླ༡༡བའི་ཚེས་༣༠ཉིན་གྱི་དགུང་མོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྨད་ཀྱི་ཚོགས་ཁང་ཆེན་མོ་རུ་ཐོན་མིའི་རིག་གནས་བརྗེ་རེས་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་གནང་བའི་༼འཆད་ཁྲིད་ཐོན་མིའི་དགོངས་རྒྱན་༽སྟེང་རང་སློབ་གླིང་གི་གསོ་རིག་དགེ་རྒན་ཀརྨ་ལམ་བཟང་ལགས་ཀྱིས་ཐོན་མི་ཞིབ་འཇུག་ལྟེ་གནས་ཀྱི་རེ་འདུན་ལྟར་༼བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་དང་འབྲེལ་ཏེ་བདེ་ཐང་འཕྲོད་བསྟེན་སྐོར་གླེང་བ༽ཞེས་པའི་བརྗོད་གཞི་དང་འབྲེལ་ཏེ་བོད་ཀྱི་གསོ་རིག་གི་ཁྱད་ཆོས་དང་། གསོ་རིག་གི་བྱུང་འཕེལ་ལོ་རྒྱུས། བདེ་ཐང་འཕྲོད་བསྟེན་སྐོར་གྱི་འཆད་ཁྲིད་གནང་བར་ཚོགས་ཞུགས་དགེ་སློབ་ཡོངས་ཀྱིས་དགའ་བསུ་བླ་མེད་ཐོབ།

གསོ་རིག་དགེ་རྒན་ཀརྨ་ལམ་བཟང་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།

འཆད་ཁྲིད་གཟབ་ནན་གྱིས་ཉན་བཞིན་པ།

ཚོགས་རའི་ཡུལ་དངོས།

གསོ་རིག་གི་བྱུང་འཕེལ་ལོ་རྒྱུས་དང་བདེ་ཐང་འཕྲོད་བསྟེན་སྐོར་གྱི་འཆད་ཁྲིད་གནང་བ།

ཚོགས་རའི་ཡུལ་དངོས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-11-30 ལྟ་ཀློག (4501)