ཁ་ཆེ་ས་ཡ་ཉི་ཤུས་ངོ་རྒོལ་བྱས་པ།

 ཁ་ཆེ་ས་ཡ་ཉི་ཤུས་ངོ་རྒོལ་བྱས་པ།

     སྤྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༥ ཉིན་ཁ་ཆེའི་གུང་གསེང་ཨར་བྷཱིན་(Arbaeen) གྱི་སྐབས་དང་བསྟུན་ནས་ཨེ་རཀ་(Iraq) གི་གནའ་བོའི་གྲོང་ཁྱེར་རྒྱལ་ས་བྷག་ཊ་(Baghdad) ནས་ཤཱེ་(Shia) ཁ་ཆེ་ས་ཡ་ ༢༠ ལྷག་གིས་སྤྱི་ལེ་ ༦༢ ལ་ཞི་བའི་གོམ་བགྲོད་བྱས་ཏེ། དཀྱིལ་ཤར་གྱི་ནང་ནས་ཁ་ཆེ་འཇིགས་སྐུལ་བ་རྩ་མེད་གཏོང་དགོས་པ་དང་། སུས་ཀྱང་ཁ་ཆེ་འཇིགས་སྐུལ་བར་རྒྱབ་སྐྱོར་མི་བྱེད་པའི་སྐད་འབོད་བྱས། མི་ས་ཡ་ ༢༠ ལྷག་འཛོམས་ནས་ངོ་རྒོལ་བྱས་པ་ནི་ ༢༠༡༦ ལོའི་འཛམ་གླིང་གི་ངོ་རྒོལ་ཆེས་ཆེ་ཤོས་དེ་ཆགས་ཡོད་པ་རེད།

གནའ་བོའི་གྲོང་ཁྱེར་རྒྱལ་ས་བྷག་ཊ་རུ་ཁྲོམ་སྐོར་བྱེད་བཞིན་པ།

སྤྱི་ལེ་ ༦༢ ལ་ཞི་བའི་གོམ་བགྲོད་བྱས་པ།

འཛམ་གླིང་གི་ངོ་རྒོལ་ཆེས་ཆེ་ཤོས་དེ་ཆགས་ཡོད་པ་རེད།

གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ། གཉན་བུ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-11-27 ལྟ་ཀློག (4082)