སྤོས་ལྡན་བོད་ཁྲོམ་གྱིས་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གདན་དྲངས་པ།


སྤྱི་ལོ་༢༠༡༦ལོའི་སྤྱི་ཟླ་༡༡པའི་ཚེས་༢༦ཉིན་སི་ཁྲོན་ཁྲིན་ཏུའུ་བོད་མིའི་ཚོང་རྭའི་སྤྱི་གཉེར་པ་དག་དང་དྭངས་སེམས་ཚོང་ལས་ཞབས་ཞུ་ཁང་།  དགེ་ལས་སྤྱི་གཉེར་ཁང། དར་དཀར་པོ་ཚང་སོགས་ཀྱིས་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གདན་དྲངས་ནས་སྤོས་ལྡན་བོད་མིའི་ཁྲོམ་རྭའི་མ་འོངས་པའི་ཁ་ཕྱོགས་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་རྒན་ལགས་ཀྱིས་གསུང་བཤད་ཟབ་རྒྱས་གནང་བར་མ་ཟད།  ཐེངས་འདིའི་ཚོགས་ཞུགས་སུ་བྱོན་པའི་སྐུ་མགྲོན་གསེར་རྟ་མཁན་ཐུབ་ཉི་དང་། སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་གཙོ་འགན་པ་མཁན་འཇམ་བློ།  ཨེ་འགོག་པ་ཆོས་དཔལ་བཟང་པོ། སྤྱི་ཚོགས་དཔྱད་བརྗོད་པ་དང་།

སྒྲུང་གཏམ་རྩོམ་པ་པོ་མང་རའི་རྒྱལ་མཚན། ལྷོ་ནུབ་ནོར་དཔལ་སློབ་གྲྭའི་དགེ་རྒན་མགོན་པོ་ཚེ་རིང་། བྱེ་འགོག་ཆེད་མཁས་པ་བྲ་ཁྱོམ་དཔལ་བཟང་། ཨ་ཁུ་སྟོན་པ་ཚན་རྩལ་སྤྱི་གཉེར་བ་རྔ་བ་འཇམ་དབྱངས་སོགས་ཕེབས་ནས་ཁྲིན་ཏུའུ་བོད་ཁྲོམ་གྱི་མ་འོང་བའི་ཁ་ཕྱོགས་གླེང་བ་ཞེས་པའི་བགྲོ་གཞིའི་ཐད་རང་རང་གི་བསམ་ཚུལ་ལྷུག་བརྗོད་གནངས་ཡོད།

  ཚོགས་འདུའི་མདོ་འཛིན་པ་ཁམས་པ་བརྙན་འཕྲིན་ཁང་གི་དབང་ཆེན་ལྷ་མོ་ལགས་ཀྱིས་གནངས་ནས་རྒྱལ་ཁ་དང་གཟི་བརྗིད་ངང་མཇུག་གྲོལ། དགོང་མོར་སྐུ་མགྲོན་ལྷན་རྒྱས་དར་དཀར་པོ་བོད་ཟས་ཁང་དུ་ཕེབས་པར་མ་ཟད་ཁྲིན་ཏུའུ་བོད་ཁྲོམ་གྱི་མ་འོངས་པའི་འཕེལ་རྒྱས་ཐད་དུ་རིགས་སོ་སོའི་ཚོང་གྲོགས་རྣམས་མཐུན་སྒྲིལ་མཉམ་གནས་ཡོང་བ་དང་ཁྲོམ་རྭའི་བྱང་ཚད་མཐོར་འདེགས་གཏོང་དགོས་པའི་དགོངས་འཆར་གང་མང་བཏོན་ཡོད།


ཚོགས་རའི་ཟུར་དངོས་ཤིག


ཚོགས་རའི་ཟུར་དངོས་ཤིག


ཚོགས་རའི་ཟུར་དངོས་ཤིག


ཐེངས་འདིའི་ཚོགས་ཞུགས་མི་སྣ་ལྷན་རྒྱས།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2016-11-26 ལྟ་ཀློག (4571)