ཡུལ་ཤུལ་ཁུལ་དུ་རི་མོ་དང་ཡིག་གཟུགས་སྣ་ཚོགས་འགྲེམས་སྟོན་བྱས་པ།

ཡུལ་ཤུལ་ཁུལ་དུ་རི་མོ་དང་ཡིག་གཟུགས་སྣ་ཚོགས་འགྲེམས་སྟོན་བྱས་པ།

    2016་ལོའི་སྤྱི་ཟླ་11་ཚེས་24 ཉིན་ཡུལ་ཤུལ་ཁུལ་ཕ་མའི་བཀའ་དྲིན་རྗེས་དྲན་ཚགས་པས་གཙོ་སྒྲུབ་འོག་ཕ་མའི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་བཞེངས་པའི་ཞལ་ཐང་སངས་རྒྱས་བཅོམ་ལྡན་འདས་མ་ཡུམ་གྱི་ཆེད་དུ་ལྷ་ཡུལ་ལ་ཕེབས་ཚུལ་དང་།  པན་ཆེན་སྨྲི་ཏི་ཛྙ་ན་བོད་ཡུལ་ལ་ཕེབས་ནས་མ་ཡུམ་གྱི་ཆེད་དུ་འོ་རྒྱལ་གནང་ཚུལ།  རྗེ་རིན་པོ་ཆེའི་མ་ཡུམ་གྱིས་འཕྲིན་ཡིག་སྐུར་ཚུལ་སོགས་པར་དང་རི་མོ་སྣ་ཚོགས་འགྲེམ་བསྟོན་བྱས་པ་དང་།  རྗེ་ཀརྨ་པས་བརྩམས་པའི་མའི་དྲིན་ལན་བཤགས་མདོ་དང་།  བོད་ཀྱི་སློབ་གསོ་བ་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་གསུངས་པའི་བསླབ་བྱ་ལེགས་བཤད་གསེར་དངུལ་གྱིས་བྲིས་པ་སོགས་ཡིག་རིས་སྒྱུ་རྩལ་སོགས་ཀྱང་འགྲེམས་སྟོན་བྱས་ཤིང་།  ལྷ་བབས་དུས་ཆེན་གྱི་ཉིན་མོ་ནས་བཟུང་ཉིན་ལྔའི་རིང་ལ་མང་ཚོགས་སྒྱུ་རྩལ་ཁང་གྲོང་ཁྱེར་སློབ་ཆུང་དང་པོ་སྒོ་ཐད་དུ་རི་མོ་དང་ཡིག་གཟུགས་སྣ་ཚོགས་་རིན་མེད་སྒོས་བཤམ་བསྟོན་བྱས་ཏེ་རྒྱ་ཆེའི་གཟིགས་མོ་བ་དག་གི་སྤྱན་ལམ་དུ་བསྟར་བར་ས་གནས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ།

གཙོ་སྒྲུབ་པ་འཇམ་དབྱང་ཡོན་ཏན་གྱིས་གསུང་གླེང་གནང་བཞིན་པ།

འགྲེམས་སྟོན་ཁང་དུ་བཤམས་པའི་ཡིག་གཟུགས་སྣ་ཚོགས།

ཕ་མའི་བཀའ་དྲིན་དང་འབྲེལ་བའི་པར་རིས་འགྲེམས་སྟོན་ལ་གཟིགས་པ།

ཞལ་ཐང་ལ་གཟིགས་བཞིན་པའི་ཨ་མ་རྒན་མོ།

སངས་རྒྱས་ཀྱི་འཁྲུངས་རབས་དང་འབྲེལ་བའི་ཞལ་ཐང་།

སློབ་བུ་རྣམས་ལ་རི་མོ་ངོ་སྤྲོད་གནང་བཞིན་པ།

མཉམ་པར།

    སྟོན་པ་ལྷ་ལས་བབ་པའི་ཉིན་མོར་ཡུལ་ཤུལ་ཁུལ་ཟློས་གར་ཁང་དུ་ཕ་མའི་བཀའ་དྲིན་རྗེས་དྲན་གྱི་དགོང་ཚོགས་བསྡུས་ཤིང་། ཚོགས་ཐོག་ཏུ་ཁུལ་རིག་གནས་ཅུས་ཀྱི་དབུ་འཁྲིད་དང་།  ཁུལ་དམང་སྲིད་ཅུས་ཀྱི་དབུ་ཁྲིད།  ཁུལ་གླུ་གར་ཁང་།  གཞན་ཡང་གླུ་བ་༦།  གླུ་མ་༢།  སྙན་ངག་གྱེར་མཁན་༦ ། ཞབས་བྲོ་༥།    གར་ཆུང་༡།  འབེལ་གཏམ་༡།  བཅས་ཀྱི་རྒྱབ་སྐྱོར་འོག་ཕ་མའི་བཀའ་དྲིན་རྗེས་དྲན་གྱི་༢༠༡༦ལོའི་ཆེད་ཚོགས་དེ་ཕ་ཡུལ་གྱི་མི་གཅིག་སྟོང་ལྷག་ལ་ཕ་སྐད་གཙང་མའི་ལམ་ནས་རིན་མེད་དུ་འབུལ་རྒྱུ་གོ་སྐབས་བྱུང་བས་ཕ་མའི་བཀའ་དྲིན་རྗེས་དྲན་ཚོགས་པས་བཀའ་དྲིན་སེམས་ནས་ཞུ། 

མཛད་སྒོ་དངོས་སུ་ཕྱེས་པ།

ཚོགས་རའི་ཡུལ་དངོས།

མཛད་སྒོའི་སྟེང་ཟློས་གར་འཁྲབ་བཞིན་པ།

མཛད་སྒོའི་སྟེང་ཕེབས་པའི་སྐུ་མགྲོན་གཙོ་བོར་ལེགས་སྐྱེས་འབུལ་བཞིན་པ།

སྐུ་མགྲོན་གཙོ་བོ་དག་གི་མཉམ་པར།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-11-23 ལྟ་ཀློག (7317)