​རྒྱ་གར་ནས་མེ་འཁོར་བརྡབ་སྐྱོན་བྱུང་བ།

རྒྱ་གར་ནས་མེ་འཁོར་བརྡབ་སྐྱོན་བྱུང་བ།

   དེ་རིང་སྟེ་སྤྱི་ཟླ་ ༡༡ ཚེས་ ༢༠ རེས་གཟའ་ཉི་མའི་ཕྱི་དྲོ་ཆུ་ཚོད་༣:༠༠པའི་སྟེང་། རྒྱ་གར་གྱི་ནུབ་དབུས་གྲོང་ཁྱེར་(west central city) དང་རྦེ་ཧར་( Bihar )རྒྱལ་ས་( Patna )གཉིས་ཀྱི་བར་འགྲོ་བའི་མེ་འཁོར་ལ་ཨུ་ཊར་མངའ་སྡེ་( Uttar Pradesh )ཡི་ས་ཁུལ་(kanpur) ནས་དོན་རྐྱེན་བྱུང་འདུག  ཐེངས་འདིར་མ་མཐར་མི་ ༡༠༧ རྐྱེན་ལམ་དུ་ཤོར་ཡོད་པ་དང་། མི་ ༡༥༠ཡས་མས་ལ་རྨས་སྐྱོན་ཚབས་ཆེན་ཕོག་འདུག  འདི་ནི་སྤྱི་ལོ་༡༩༨༩ལོ་ནས་ད་བར་དུ་བྱུང་བའི་མེ་འཁོར་དོན་རྐྱེན་ཐེངས་༡༢པ་ཡིན་འདུག་པར་མ་ཟད།  དེ་དག་ལས་ཉེན་ཚབས་ཆེ་ཤོས་ཨང་༢བ་ཆགས་འདུག  རྒྱ་གར་གཞུང་གིས་རྨས་སྐྱོན་ཕོག་པའི་ནད་པ་རྣམས་ལ་ཧིན་སྒོར་འབུམ་ ༥ རེ་དང་སྨན་བཅོས་གང་དྲག་བྱེད་བཞིན་ཡོད་འདུག

  

དོན་རྐྱེན་བྱུང་བའི་ཡུལ་ངོས། 

དོན་རྐྱེན་བྱུང་བའི་ཡུལ་ངོས། 

དོན་རྐྱེན་བྱུང་བའི་ཡུལ་ངོས། 

གསར་འགོད་པ།  སེང་དཀར།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-11-20 ལྟ་ཀློག (3501)